ཡུས་ཀྲིན་ཧྲིན་གྱིས་ཐིག་དམར་ཀུའི་ནེ་ཡའི་ཙུང་ཐུང་གཞོན་པ་མན་ཀི་ལ་ཐུག་འཕྲད་བྱས།

俞正声会见赤道几内亚副总统曼格.jpg

ཟླ་བདུན་པའི་ཚེས་བཅུ་གསུམ་ཉིན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཡུས་ཀྲིན་ཧྲིན་གྱིས་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཐིག་དམར་ཀུའི་ནེ་ཡའི་ཙུང་ཐུང་གཞོན་པ་མན་ཀི་ལ་ཐུག་འཕྲད་བྱས།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཡུས་ཀྲིན་ཧྲིན་གྱིས་བཤད་རྒྱུར། ཀྲུང་གོ་དང་ཐིག་དམར་ཀུའི་ནེ་ཡ་ནི་གྲོགས་པོ་བཟང་བོ་དང་མཉམ་ལས་ཀྱི་གྲོགས་པོ་བཟང་བོ་ཡིན། རྒྱལ་ཁབ་གཉིས་བར་གྱི་སྲོལ་རྒྱུན་མཛའ་བཤེས་ཟབ་པ་དང་ཁྱབ་ཁོངས་སོ་སོའི་མཉམ་ལས་ཐད་ནས་གཡུར་དུ་ཟ་བའི་གྲུབ་འབྲས་ཐོབ་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཐིག་དམར་ཀུའི་ནེ་ཡ་དང་མཉམ་དུ་རྒྱུད་གཅིག་ལམ་གཅིག་འཛུགས་སྐྲུན་གོ་སྐབས་སུ་འཛིན་པ་དང་། ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཉམ་ལས་གླེང་སྟེགས་ཀྱི་ཡོ་ཧན་ནེ་སི་པོ་མཐོ་རིམ་གྲོས་ཚོགས་ཀྱི་གྲུབ་འབྲས་དངོས་འབེབས་བྱས་ཏེ། ཆབ་སྲིད་ཡིད་ཆེས་དང་དཔལ་འབྱོར་ཁ་གསབ། མི་དམངས་མཛའ་མཐུན་བཅས་ཁྱད་སྟོབས་ཆེན་པོ་གསུམ་འདོན་སྤེལ་གང་ལེགས་བྱེད་པ་དང་། ཀྲུང་གོ་དང་ཐིག་དམར་ཀུའི་ནེ་ཡའི་བར་དུ་འདྲ་མཉམ་ཡིད་ཆེས་དང་མཉམ་ལས་མཉམ་རྒྱལ་གྱི་ཁྱོན་ཡོངས་ཀྱི་མཉམ་ལས་གྲོགས་པོའི་འབྲེལ་བ་སྔར་ལས་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་འདོད་ཡོད་ཟེར།

མན་ཀི་ཡིས་བཤད་རྒྱུར། ཐིག་དམར་ཀུའི་ནེ་ཡས་ཀྲུང་གོའི་འབྲེལ་བར་ཧ་ཅང་མཐོང་ཆེན་བྱེད་ཀྱིན་ཡོད་པ་དང་། ཀྲུང་གོ་ཕྱོགས་ཀྱིས་དུས་ཡུན་རིང་བོར་ཐིག་དམར་ཀུའི་ནེ་ཡ་ལ་རོགས་རམ་དང་རྒྱབ་སྐྱོར་བྱས་པར་བཀའ་དྲིན་ཞུ་བར་མ་ཟད། ཀྲུང་གོ་ཕྱོགས་དང་མཉམ་དུ་ཆབ་སྲིད་དང་དཔལ་འབྱོར། མི་གཞུང་། སྲིད་ཏང་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་བསྣན་ནས། རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་བདེ་སྐྱིད་སྐྲུན་འདོད་ཡོད་ཟེར། 

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།

དཔྱད་མཆན 0 ཡོད།