ཞི་ཅིན་ཕིང་གིས་ཁ་ན་ཏའི་ཙུང་ཏུའུ་ཡོ་ཧན་སི་ཏུང་ལ་ཐུག་འཕྲད་བྱས།

习近平会见加拿大总.jpg

ཟླ་བདུན་པའི་ཚེས་བཅུ་གསུམ་ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིན་ཏིའོ་ཡུས་ཐའེ་རྒྱལ་མགྲོན་ཁང་ནས་ཁ་ན་ཏའི་ཙུང་ཏུང་ཡོ་ཧན་སི་ཏུང་ལ་ཐུག་འཕྲད་བྱས། 
 

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཞི་ཅིན་ཕིང་གིས་བཤད་རྒྱུར། ཀྲུང་གོ་དང་ཁ་ཏ་ན་རྒྱལ་ཁབ་གཉིས་ནི་ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་ས་ཁུལ་གྱི་རྒྱལ་ཁབ་གལ་ཆེན་ཡིན་ལ། རང་སོ་སོའི་རྒྱལ་ཁབ་ཀྱི་འཕེལ་རྒྱས་མངོན་འགྱུར་བྱེད་པ་དང་། འཛམ་གླིང་རང་བཞིན་གྱི་འགྲན་རྩོད་ལ་ཁ་གཏད་འཇལ་བའི་ཐད་ལ་ཐུན་མོང་གི་ཁེ་ཕན་དང་རྒྱ་ཆེ་བའི་མཉམ་ལས་བར་སྟོང་ལྡན། ཉེ་བའི་ལོ་འགའི་རིང་ལ། ཀྲུང་གོ་དང་ཁ་ན་ཏ་གཉིས་ཀྱི་འབྲེལ་བས་སྤྱིར་འཕེལ་རྒྱས་ཀྱི་གནས་བབ་བཟང་བོ་རྒྱུན་འཁྱོངས་བྱས་ཏེ། རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་ཁེ་ཕན་དངོས་སྐྲུན་པར་མ་ཟད། ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་ས་ཁུལ་དང་ཐ་ན་འཛམ་གླིང་གི་ཞི་བདེ་དང་བརྟན་འཇགས། དར་རྒྱས་བཅས་ལ་སྐུལ་འདེད་བཏང་། ཀྲུང་གོ་ཕྱོགས་ཀྱིས་ཁ་ན་ཏའི་མཐོ་རིམ་བར་གྱི་འགྲོ་འོང་རྒྱུན་འཁྱོངས་བྱས་ནས། རིམ་པ་སོ་སོའི་གྲོས་མོལ་ལམ་ལུགས་བཀོལ་སྤྱོད་བཟང་བོ་བྱེད་པ་དང་། སྲིད་གཞུང་ལས་ཁུངས་དང་ཁྲིམས་འཛུགས་ལས་ཁུངས། སྲིད་ཏང་བཅས་བར་དང་ལས་རིགས་ཁག་གི་བརྗེ་རེས་རྒྱ་བསྐྱེད་འདོད་ཡོད། ཕྱོགས་གཉིས་ཀྱིས་དུས་དང་རྣམ་པ་ཀུན་དུ་འཐབ་ཇུས་ཀྱི་མཐོ་ཚད་དང་ཡུན་རིང་གི་ཕྱོགས་ནས་ཕན་ཚུན་གྱི་ཁེ་ཕན་གཙོ་བོ་དང་སེམས་ཁུར་བྱེད་པའི་གནད་དོན་གལ་ཆེན་ལ་བརྩི་འཇོག་བྱས་ནས། མཉམ་དུ་འབད་བརྩོན་བྱས་ཏེ་ཀྲུང་གོ་དང་ཁ་ན་ཏ་གཉིས་ཀྱི་འཐབ་ཇུས་གྲོགས་པོའི་འབྲེལ་བ་རྒྱུན་ཆད་མེད་པར་འཕེལ་རྒྱས་སུ་གཏོང་དགོས་ཟེར།

ཞི་ཅིན་ཕིང་གིས་ནན་གྱིས་བཤད་རྒྱུར། ཀྲུང་གོ་དང་ཁ་ན་ཏ་གཉིས་ཀྱིས་སྦས་ཤུགས་སྔོག་འདོན་བྱས་ནས། དཔལ་འབྱོར་ཉོ་ཚོང་དང་ཁྲིམས་འཛིན། ཚན་རྩལ། མི་གཞུང་བཅས་ཁྱབ་ཁོངས་ཀྱི་བརྗེ་རེས་དང་མཉམ་ལས་ལ་ཤུགས་བསྣན་ཏེ། ཕན་ཚུན་བར་ཁྱད་སྟོབས་ཁ་གསབ་བྱེད་པ་རྒྱ་བསྐྱེད་པ་དང་། གཉིས་ཕན་མཉམ་རྒྱལ་ལ་སྐུལ་འདེད་གཏོང་དགོས་པར་མ་ཟད། ཕྱོགས་གཉིས་ཀྱིས་སྣེ་མང་ལས་དོན་ཁྲོད་ཀྱི་མཐུན་སྦྱོར་དང་གཞོགས་འདེགས་ལ་ཤུགས་བསྣན་ཏེ། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དབང་ཟིལ་ལ་མཉམ་དུ་སྲུང་སྐྱོབ་བྱེད་པ་དང་། གནམ་གཤིས་འགྱུར་ལྡོག་སོགས་འཛམ་གླིང་རང་བཞིན་གྱི་གནད་དོན་ལ་ཧུར་ཐག་སྒོས་ཁ་གཏད་འཇལ་དགོས་ཟེར།

ཡོ་ཧན་སི་ཏུང་གིས་བཤད་རྒྱུར། ཁ་ན་ཏ་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་ཀྱི་མཐོ་རིམ་བར་གྱི་འགྲོ་འོང་ཇེ་དམ་དུ་གཏོང་བ་དང་། དཔལ་འབྱོར་ཉོ་ཚོང་དང་ཚན་རྩལ། ལུས་རྩལ་སོགས་ཁྱབ་ཁོངས་ཀྱི་བརྗེ་རེས་དང་མཉམ་ལས་ལ་ཤུགས་བསྣན་ཏེ། རྒྱལ་སྤྱི་དང་ས་ཁུལ་ལས་དོན་ཁྲོད་ཀྱི་འབྲེལ་འདྲིས་དང་མཐུན་སྦྱོར་ཇེ་དམ་དུ་གཏོང་འདོད་ཡོད་ཟེར།

ཐུག་འཕྲད་བྱས་རྗེས། ཞི་ཅིན་ཕིང་དང་ཡོ་ཧན་སི་ཏུང་གཉིས་མཉམ་དུ་རྒྱལ་ཁབ་གཉིས་ཀྱི་རིག་གནས་དང་ལུས་རྩལ་སོགས་ཕྱོགས་ཀྱི་མཉམ་ལས་ཡིག་ཆ་འགོད་པའི་མཛད་སྒོར་ཞུགས། 

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།

དཔྱད་མཆན 0 ཡོད།