ལིས་ཁི་ཆང་གིས་ཁ་ན་ཏའི་ཙུང་ཏུའུ་ཡོ་ཧན་སི་ཏུང་ལ་ཐུག་འཕྲད་བྱས།

李克强会见加拿大总督约翰斯顿 1.jpg

ཟླ་བདུན་པའི་ཚེས་བཅུ་གསུམ་ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་པེ་ཅིན་ཀྲུང་ནན་ཧེ་ཙི་ཀོང་ཀི་ནས་ཁ་ན་ཏའི་ཙུང་ཏུའུ་ཡོ་ཧན་སི་ཏུང་ལ་ཐུག་འཕྲད་བྱས། 
 

李克强会见加拿大总督约翰斯顿 2.jpg

ཟླ་བདུན་པའི་ཚེས་བཅུ་གསུམ་ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་པེ་ཅིན་ཀྲུང་ནན་ཧེ་ཙི་ཀོང་ཀི་ནས་ཁ་ན་ཏའི་ཙུང་ཏུའུ་ཡོ་ཧན་སི་ཏུང་ལ་ཐུག་འཕྲད་བྱས།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ལིས་ཁི་ཆང་གིས་བཤད་རྒྱུར། དེང་སྐབས་ཀྲུང་གོ་དང་ཁ་ན་ཏ་གཉིས་ཀྱི་འབྲེལ་བ་བརྟན་འཇགས་དང་བདེ་བླག་སྒོས་འཕེལ་རྒྱས་སུ་གཏོང་བའི་དུས་རིམ་གསར་བ་ཞིག་ཏུ་བསླེབས། ཀྲུའུ་ཞི་ཞི་ཅིན་ཕིང་དང་ཁྱེད་གཉིས་ཀྱིས་ཕན་འབྲས་ལྡན་པའི་ངང་གྲོས་མོལ་བྱས། ཀྲུང་གོ་ཕྱོགས་ཀྱིས་ཁ་ན་ཏ་ཕྱོགས་ཀྱི་མཐོ་རིམ་བར་གྱི་འགྲོ་འོང་ཇེ་དམ་དུ་གཏོང་བ་དང་། ཆབ་སྲིད་ཐད་ནས་ཕན་ཚུན་ལ་ཡིད་ཆེས་དམ་པོ་བྱེད་པ། མཉམ་ལས་སྔོག་འདོན་དང་ཕན་ཚུན་བར་སྦས་ཤུགས་ཁ་གསབ་བྱས་ནས། རང་དབང་ཉོ་ཚོང་གྲོས་མོལ་ལ་ཧུར་ཐག་སྒོས་སྐུལ་འདེད་གཏོང་བ་དང་མི་གཞུང་བརྗེ་རེས་དང་མཉམ་ལས་རྒྱ་བསྐྱེད་དེ། ཀྲུང་གོ་དང་ཁ་ན་ཏ་གཉིས་ཀྱི་འབྲེལ་བ་ཁྱོན་ཡོངས་ནས་འཕེལ་རྒྱས་སུ་གཏོང་འདོད་ཡོད་ཟེར།

གནམ་གཤིས་འགྱུར་ལྡོག་གི་གནད་དོན་སྐོར་གླེང་སྐབས། ལིས་ཁི་ཆང་གིས་བཤད་རྒྱུར། གནམ་གཤིས་འགྱུར་ལྡོག་ལ་ཁ་གཏད་འཇལ་བ་ནི་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་ཐུན་མོང་གི་འགན་འཁྲི་ཡིན་པས། ཀྲུང་གོས་བློ་བརྟན་འགྱུར་མེད་སྒོས་ཕ་རེ་སིའི་གྲོས་མཐུན་གྱི་དམ་བཅའ་ལག་བསྟར་བྱེད་པ་དང་། ཐུན་མོང་གི་ཆ་ཡོད་ལ་ཁྱད་པར་ཡང་ཡོད་པའི་འགན་འཁྲི་དང་རྩ་དོན་རྒྱུན་འཁྱོངས་བྱས་ནས། གནམ་གཤིས་འགྱུར་ལྡོག་ལ་ཁ་གཏད་འཇལ་བའི་བྱེད་ཐབས་ལག་བསྟར་བྱེད་པ་དེ་ང་ཚོ་འགན་འཁྲི་ཡོད་པའི་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་ཆེན་པོའི་ཆ་ནས་འགན་འཁྲིའི་ཁག་ཁུར་ཡིན་ལ། ཀྲུང་གོས་དཔལ་འབྱོར་འཕེལ་རྒྱས་ཀྱི་རྣམ་པ་སྒྱུར་བའི་ནང་ཁུལ་གྱི་དགོས་མཁོའང་ཡིན་པས། ང་ཚོས་ཁ་ན་ཏ་ཕྱོགས་དང་དག་གཙང་ནུས་ཁུངས་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་གཏིང་ཟབ་ཏུ་སྤེལ་འདོད་ཡོད་ཟེར།

ཡོ་ཧན་སི་ཏུང་གིས་བཤད་རྒྱུར། ཁ་ན་ཏ་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་མཉམ་དུ་རྒྱལ་ཁབ་གཉིས་ཀྱི་མཛའ་བཤེས་རྒྱུན་འཛིན་བྱས་ནས། མཐོ་རིམ་བར་གྱི་འགྲོ་འོང་ཇེ་དམ་དུ་གཏོང་བ་དང་། ཁྱབ་ཁོངས་སོ་སོའི་གཉིས་ཕན་མཉམ་ལས་ལ་ཤུགས་བསྣན་ཏེ། རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་སྔར་ལས་བདེ་སྐྱིད་སྐྲུན་འདོད་ཡོད་ཟེར། 

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།

དཔྱད་མཆན 0 ཡོད།