ཀྲུང་གོ་བོད་ཀྱི་དྲ་བ།

ལིག་ཡན་ཏུང་གིས་རིག་གནས་དར་རྒྱས་གོང་འཕེལ་དུ་གཏོང་བ་དང་སྤྱི་ཚོགས་རིང་ལུགས་ཀྱི་རིག་གནས་སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྲུན་བྱེད་དགོས་ཞེས་ནན་གྱིས་བསྟན།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-07-15
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ལིག་ཡན་ཏུང་ཚེས་བཅུ་གསུམ་ཉིན་ཀྲུང་དབྱང་རྩ་འཛུགས་པུའུ་དང་རིག་གནས་པུའུ། རྒྱལ་ཁབ་སྲིད་འཛིན་སློབ་གླིང་བཅས་ཀྱིས་མཉམ་འབྲེལ་སྒོས་བསྒྲུབས་པའི་རིག་གནས་ཡིད་ཆེས་ཇེ་ཆེར་གཏོང་བ་དང་རིག་གནས་དོ་དམ་གསར་གཏོད་བྱེད་པའི་བགྲོ་གླིང་འཛིན་གྲྭའི་བཞུགས་མོལ་ཚོགས་འདུར་ཞུགས་པར་མ་ཟད་གཏན་བཤད། ཁོ་མོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་རབ་དང་རིམ་པའི་དགོངས་དོན་ལ་སློབ་སྦྱོང་ནན་མོ་དང་ལག་ལེན་མཐར་ཕྱིན་བྱས་ནས། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་འཐབ་ཇུས་བཀོད་སྒྲིག་དོན་ཐོག་ཏུ་འཁྱོལ་བར་བྱས་ཏེ། རིག་གནས་ཡིད་ཆེས་ལ་བརྟེན་ནས་བགྲོད་ལམ་ཡིག་ཆེས་དང་། རིག་གཞུང་ཡིད་ཆེས། ལམ་ལུགས་ཡིད་ཆེས་བཅས་ལ་རྒྱབ་སྐྱོར་བྱས་ཏེ། རིག་གནས་དར་རྒྱས་གོང་འཕེལ་དུ་གཏོང་བའི་རྣམ་པ་གསར་བ་གསར་གཏོད་བྱེད་པ་དང་། སྤྱི་ཚོགས་རིང་ལུགས་ཀྱི་རིག་གནས་སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྲུན་བྱེད་པར་བྱས་རྗེས་འཇོག་དགོས་ཞེས་ནན་གྱིས་བསྟན།

ལིག་ཡན་ཏུང་གིས་བཤད་རྒྱུར། ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་ཚུན་ལ། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་རིག་གནས་འཛུགས་སྐྲུན་ལ་ཧ་ཅང་མཐོང་ཆེན་བྱས་པར་མ་ཟད་བཀོད་སྒྲིག་གལ་ཆེན་གཏན་ལ་ཕབ་སྟེ། རིག་གནས་འཐབ་ཕྱོགས་ཀྱིས་ཧུར་ཐག་སྒོས་བྱ་བར་འབད་པ་བྱས་ནས། རིག་གནས་ལས་དོན་ཐད་ནས་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་བླངས་པ་དང་། ཀྲུང་གོ་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་རིག་གནས་འཕེལ་རྒྱས་བགྲོད་ལམ་རིམ་བཞིན་ཇེ་ཡངས་པ་དང་རྒྱ་བསྐྱེད་དུ་སོང་ཡོད་ཟེར།

ལིག་ཡན་ཏུང་གིས་ནན་གྱིས་བཤད་རྒྱུར། རྒྱལ་ཁབ་དང་མི་རིགས་སྟོབས་ལྡན་དུ་གཏོང་བ་ནི་སྟོབས་ལྡན་རིག་གནས་ཀྱིས་རྒྱབ་རྟེན་དང་མཚོན་རྟགས་གཙོ་བོ་ཡིན་པས། དར་ཆ་མཐོན་པོར་སྒྲེང་བ་དང་ཁ་ཕྱོགས་དམ་འཛིན་བྱེད་པ། ཁྱོན་ཡོངས་ལ་ཞབས་ཕྱི་སྒྲུབ་པ་བཅས་བྱས་ནས། རིག་གནས་ཡིད་ཆེས་ཀྱིས་ཀྲུང་གོའི་སྙིང་སྟོབས་གཅིག་ཏུ་བསྡུ་བ་དང་རིག་གནས་གསར་གཏོད་བྱེད་པར་བརྟེན་ནས་དཔལ་ཡོན་གྱི་ལོ་རྒྱུས་གསར་བ་སྐྲུན་དགོས་ལ། སྤྱི་ཚོགས་རིང་ལུགས་ཀྱི་སྲོག་ཤིང་རིན་ཐང་ལྟ་བ་སྐྱེད་སྲིང་བྱས་ནས། ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་དང་གསར་བརྗེའི་རིག་གནས། སྤྱི་ཚོགས་རིང་ལུགས་ཀྱི་སྔོན་ཐོན་རིག་གནས་དར་སྤེལ་བྱས་ཏེ། མི་རིགས་དང་དུས་རབས་ལ་གསོན་ཤུགས་སྣོན་དགོས་ཟེར།

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།