ཀྲུང་གོ་བོད་ཀྱི་དྲ་བ།

​རྒྱལ་ཁབ་ཀྱི་ཀྲུའུ་ཞི་གཞོན་པ་ལིས་ཡོན་ཁྲའོ་ཡིས་ཚེས་བཅུ་བཞི་ཉིན་པེ་ཅིན་ནས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་ཆེན་སྐབས་དོན་གཉིས་པའི་ཀྲུའུ་ཞི་ལའེ་ཆ་ཁི་ལ་ཐུག་འཕྲད་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-07-15
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་གཞོན་པ་ལིས་ཡོན་ཁྲའོ་ཡིས་ཚེས་བཅུ་བཞི་ཉིན་པེ་ཅིན་ནས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་ཆེན་སྐབས་དོན་གཉིས་པའི་ཀྲུའུ་ཞི་ལའེ་ཆ་ཁི་ལ་ཐུག་འཕྲད་བྱས།

ལིས་ཡོན་ཁྲའོ་ཡིས་བཤད་རྒྱུར། ཀྲུང་གོས་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་འཛམ་གླིང་བཅོས་སྐྱོང་བྱེད་པའི་ཁྲོད་སྣེ་ཁྲིད་ནུས་པ་འདོན་སྤེལ་བྱེད་པར་རྒྱབ་སྐྱོར་བྱེད་ཀྱིན་ཡོད་ལ། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་2030ལོའི་རྒྱུན་མཐུད་འཕེལ་རྒྱས་གྲོས་རིམ་ལག་བསྟར་བྱེད་རྒྱུ་ལས་འགན་གཙོ་བོར་བརྩི་དགོས་པར་མ་ཟད། དེར་སྔ་མོ་ནས་གྲུབ་འབྲས་ཐོབ་པར་བྱེད་པར་རེ་བ་བྱེད་ཀྱིན་ཡོད། ཀྲུང་གོས་རྒྱུན་མཐུད་འཕེལ་རྒྱས་གྲོས་རིམ་ཁྱོན་ཡོངས་ནས་ལག་བསྟར་བྱེད་ཀྱིན་ཡོད་ལ། རྒྱུད་གཅིག་ལམ་གཅིག་འཛུགས་སྐྲུན་འགྲམ་རྒྱུད་ས་ཁུལ་གྱི་རྒྱལ་ཁབ་དང་མཉམ་དུ་འཕེལ་རྒྱས་སུ་བཏང་སྟེ། མཉམ་འབྲེལ་རྒྱལ་ཚོགས་བར་གྱི་མཉམ་ལས་ལ་ཤུགས་བསྣན་ནས། འཛམ་གླིང་ཞི་བའི་སྒོ་ནས་འཕེལ་རྒྱས་སུ་གཏོང་བར་བྱས་རྗེས་སྔར་ལས་ཆེན་པོ་འཇོག་འདོད་ཡོད་ཟེར།

ལའེ་ཆ་ཁི་ཡིས་བཤད་རྒྱུར། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་2030ལོའི་རྒྱུན་མཐུད་འཕེལ་རྒྱས་གྲོས་རིམ་ལག་བསྟར་བྱེད་རྒྱུ་དེ་བྱ་བ་གཙོ་བོར་བརྩིས་ཡོད་ལ། རྒྱུད་གཅིག་ལམ་གཅིག་འཛུགས་སྐྲུན་གྲོས་གཞིར་བསྟོད་བསྔགས་བྱས་པར་མ་ཟད། ཀྲུང་གོས་མུ་མཐུད་དུ་ནུས་པ་གལ་ཆེན་འདོན་སྤེལ་བྱས་ནས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་བྱ་བར་རྒྱབ་སྐྱོར་བྱེད་པར་རེ་སྒུག་བྱས་ཡོད་ཟེར།

 2984db8c57bb1e54da4ffc34d283aec1.jpg

 ཟླ་བདུན་པའི་ཚེས་བཅུ་བཞི་ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་གཞོན་པ་ལིས་ཡོན་ཁྲའོ་ཡིས་པེ་ཅིན་ནས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་ཆེན་སྐབས་དོན་གཉིས་པའི་ཀྲུའུ་ཞི་ལའེ་ཆ་ཁི་ལ་ཐུག་འཕྲད་བྱས།   །


རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།