ཀྲུང་གོ་བོད་ཀྱི་དྲ་བ།

ལིག་ཡུན་ཧྲན་གྱིས་རོ་མ་ནི་ཡར་དངོས་གཞིའི་འཚམས་འདྲི་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-07-17
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  རོ་མ་ནི་ཡའི་སྤྱི་ཚོགས་དམངས་གཙོ་ཏང་གི་ཀྲུའུ་ཞི། དམངས་གྲོས་དཔོན་པོ་ཏི་ལ་ཀི་ནེ་ཡ་ཡིས་གདན་དྲངས་པ་ལྟར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི་ལིག་ཡུན་ཧྲན་གྱིས་ཟླ་བདུན་པའི་ཚེས་བཅུ་གཉིས་ཉིན་ནས་ཚེས་བཅོ་ལྔ་ཉིན་བར་རོ་མ་ནི་ཡར་དངོས་གཞིའི་འཚམས་འདྲི་བྱས་པ་དང་། པུའུ་ཅ་ལེ་སི་ཐི་གྲོང་ཁྱེར་ནས་ཏི་ལ་ཀི་ནེ་ཡ་དང་ཙུང་ལི་ཐུའུ་ཏོ་སེ་གཉིས་ལ་མཇལ་འཕྲད་གནང་བར་མ་ཟད་ཉིས་སྟོང་བཅུ་བདུན་ལོའི་ཀྲུང་གོ་དང་ཡོ་རོབ་གླིང་དབུས་ཤར་སྲིད་ཏང་གི་གྲོས་མོལ་ཚོགས་འདུར་ཞུགས།

ཏི་ལ་ཀི་ནེ་ཡ་ལ་མཇལ་འཕྲད་གནང་སྐབས། ལིག་ཡུན་ཧྲན་གྱིས་བཤད་རྒྱུར། ཀྲུང་གོ་དང་རོ་མ་ནི་ཡ་བར་དུ་སྲོལ་རྒྱུན་མཛའ་བཤེས་ཟབ་མོ་ཆགས་ཡོད་པ་དང་། ཉེ་བའི་ལོ་འགའི་རིང་ལ་ཀྲུང་གོ་དང་རོ་མ་ནི་ཡའི་ཁྱོན་ཡོངས་ཀྱི་མཛའ་མཐུན་མཉམ་ལས་གྲོགས་པོའི་འབྲེལ་བ་འཕེལ་རྒྱས་ཆེན་པོ་བྱུང་། ཕྱོགས་གཉིས་ཀྱིས་རྒྱུད་གཅིག་ལམ་གཅིག་འཛུགས་སྐྲུན་གྱིས་ཀྲུང་གོ་དང་རོ་མ་ནི་ཡའི་འཕེལ་རྒྱས་ཐད་བསྐྲུན་པའི་གོ་སྐབས་གསར་བ་དམ་འཛིན་བྱས་ཏེ། ཧུར་ཐག་སྒོས་འབྲེལ་ཡོད་ལས་གཞིའི་མཉམ་ལས་ལག་བསྟར་བྱེད་པ་དང་མུ་མཐུད་དུ་མཉམ་ལས་ཁྱབ་ཁོངས་གསར་བ་རྒྱ་བསྐྱེད་དེ། ཀྲུང་གོ་དང་རོ་མ་ནི་ཡ་སྔར་ལས་མཛའ་མཐུན་ལྡན་པའི་མཛེས་པའི་མ་འོངས་པ་མཉམ་སྐྲུན་བྱེད་དགོས་ཟེར།

ཐུའུ་ཏི་སེ་ལ་མཇལ་འཕྲད་གནང་སྐབས། ལིག་ཡུན་ཧྲན་གྱིས་བཤད་རྒྱུར། རོ་མ་ནི་ཡ་ནི་རྒྱུད་གཅིག་ལམ་གཅིག་འཛུགས་སྐྲུན་གྱི་རྒྱལ་ཁབ་གལ་ཆེན་ཞིག་ཡིན་པས། ཕྱོགས་གཉིས་ཀྱིས་རྒྱུད་གཅིག་ལམ་གཅིག་འཛུགས་སྐྲུན་དང་དེའི་སྤྱི་ཁོག་ནང་དུ་ཀྲུང་གོ་དང་ཨེ་ཤ་ཡའི་རྒྱལ་ཁབ་བཅུ་དྲུག་བར་གྱི་མཉམ་ལས་སྟེགས་བུའི་ནུས་པ་འདོན་སྤེལ་བཟང་བོ་བྱེད་པ་དང་། རྒྱལ་ཁབ་གཉིས་ཀྱིས་དཔལ་འབྱོར་ཉོ་ཚོང་དང་ནུས་ཁུངས། དངུལ་རྩ། རིག་གནས། སློབ་གསོ། སྒྱུ་རྩལ། གནས་སྐོར་སོགས་ཁྱབ་ཁོངས་སུ་དངོས་གཉེར་མཉམ་ལས་ཐད་ནས་གྲུབ་འབྲས་སྔར་ལས་མང་པོ་ལེན་པར་སྐུལ་འདེད་གཏོང་དགོས་ཟེར།

འཚམས་འདྲི་བྱེད་སྐབས། ལིག་ཡུན་ཧྲན་ཉིས་སྟོང་བཅུ་བདུན་ལོའི་ཀྲུང་གོ་དང་ཡོ་རོབ་གླིང་དབུས་ཤར་སྲིད་ཏང་གི་གྲོས་མོལ་ཚོགས་འདུར་ཞུགས་ཏེ། ཁ་ཡིག་ལ་དར་གོས་ཚོང་ལམ་གྱི་སྙིང་སྟོབས་དར་སྤེལ་བྱས་ཏེ། ཀྲུང་གོ་དང་ཡོ་རོབ་གླིང་དབུས་ཤར་གྱི་རྒྱལ་ཁབ་སོ་སོའི་མི་དམངས་ལ་མཛེས་པའི་མ་འོངས་པ་མཉམ་སྐྲུན་བྱེད་དགོས་ཞེས་པའི་གཏམ་བཤད་སྤེལ། ལིག་ཡུན་ཧྲན་གྱིས་བཤད་རྒྱུར། ང་ཚོས་རྒྱུད་གཅིག་ལམ་གཅིག་འཛུགས་སྐྲུན་གྱི་གྲོས་མགོ་བཏོན་པ་གོ་སྐབས་སུ་བཟུང་སྟེ། ཞི་བདེ་མཉམ་ལས་དང་སྒོ་འབྱེད་བཟོད་སྒོམ། ཕན་ཚུན་ལ་སློབ་སྦྱོང་དང་དཔྱད་གཞིར་འཛིན་པ། གཉིས་ཕན་མཉམ་རྒྱལ་རྒྱུན་འཁྱོངས་བྱེད་པ་དང་། རྒྱལ་ཁབ་སོ་སོས་མཉམ་འབྲེལ་དང་མཉམ་བསྲེས། མཉམ་སྤྱོད་བཅས་ཀྱི་འཕེལ་རྒྱས་མངོན་འགྱུར་བྱེད་དགོས། ཀྲུང་གོ་གུང་ཁྲན་ཏང་གིས་ཡོ་རོབ་གླིང་དབུས་ཤར་རྒྱལ་ཁབ་ཀྱི་སྲིད་ཏང་དང་མཉམ་དུ་སྲིད་ཏང་གྲོས་མོལ་དང་དམངས་ཁྲོད་མཛའ་མཐུན། དཔལ་ཡོན་དཔྱད་གཞིར་འཛིན་པ། དངོས་གཉེར་མཉམ་ལས། ན་གཞོན་བརྗེ་རེས་བཅས་སྟེགས་བུ་ལྔ་མཉམ་སྐྲུན་བྱས་ཏེ། རྒྱུད་གཅིག་ལམ་གཅིག་འཛུགས་སྐྲུན་དང་དེའི་སྤྱི་ཁོག་ནང་དུ་ཀྲུང་གོ་དང་ཨེ་ཤ་ཡའི་རྒྱལ་ཁབ་བཅུ་དྲུག་བར་གྱི་མཉམ་ལས་ཐད་ལ་བྱས་རྗེས་ཆེན་པོ་འཇོག་འདོད་ཡོད་ཟེར།

ཀྲུང་གོ་དང་ཡོ་རོབ་གླིང་དབུས་ཤར་རྒྱལ་ཁབ་བཅུ་དྲུག་གི་སྲིད་ཏང་སུམ་ཅུ་ལྷག་ནས་ཡོང་བའི་འཐུས་མི་ཉིས་བརྒྱ་ལྷག་དང་དེ་མིན་ས་གནས་སྲིད་གཞུང་དང་ཁེ་ལས་ཀྱི་འཐུས་མི་དྲུག་བརྒྱ་ལྷག་གྲོས་ཚོགས་ལ་ཞུགས། ཚོགས་འདུའི་སྔོན་ལ། ལིག་ཡུན་ཧྲན་གྱིས་རྒྱུད་གཅིག་ལམ་གཅིག་འཛུགས་སྐྲུན་གྱི་པར་རིས་འགྲེམ་སྟོན་དང་ས་གནས་སྲིད་གཞུང་གི་མཚམས་སྦྱོར་འགྲེམ་སྟོན་ལ་ལྟ་ཞིབ་བྱས། 

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།