ཀྲུང་གོ་བོད་ཀྱི་དྲ་བ།

གསར་དུ་བཟོ་བཅོས་བརྒྱབ་པའི《དམག་དཔུང་ལས་ཁུངས་ཀྱི་གཞུང་ཡིག་ཐག་གཅོད་ལས་དོན་སྲོལ་ཡིག་》ཡོངས་བསྒྲགས་བྱས་པ།

ཡོང་ཁུངས། : མི་དམངས་དྲ་བ།     སྤེལ་དུས། : 2017-07-19
ཡིག་གཟུགས། :ཆུང་། འབྲིང་། ཆེ།

 མི་དམངས་དྲ་བའི་འཕྲིན། ཉེ་སྔོན། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་བཀའ་རྒྱར་མཚན་རྟགས་བཀོད་གནང་ནས་གསར་དུ་བཟོ་བཅོས་བརྒྱབ་པའི《དམག་དཔུང་ལས་ཁུངས་ཀྱི་གཞུང་ཡིག་ཐག་གཅོད་ལས་དོན་སྲོལ་ཡིག་》ཡོངས་བསྒྲགས་བྱས་ཏེ2017ལོའི་ཟླ10ཚེས1ཉིན་ནས་ལག་བསྟར་བྱ་རྒྱུ་ཡིན་པ་རེད།

《དམག་དཔུང་ལས་ཁུངས་ཀྱི་གཞུང་ཡིག་ཐག་གཅོད་ལས་དོན་སྲོལ་ཡིག》ནི་དམག་དོན་གྱི་ཁྲིམས་སྲོལ་གལ་ཆེན་ཞིག་ཡིན་པ་མ་ཟད། དམག་དཔུང་དང་རིམ་ཁག་ལས་ཁུངས་ཀྱི་གཞུང་ཡིག་ཐག་གཅོད་ལས་དོན་ལ་མཛུབ་ཁྲིད་བྱེད་པའི་གཞི་འཛིན་ས་གཙོ་བོ་དེ་རེད། 

  ད་ལྟ་ལག་བསྟར་བྱེད་བཞིན་པའི་སྲོལ་ཡིག་ལ་བཟོ་བཅོས་དང་འཐུས་སྒོ་ཚང་དུ་གཏོང་རྒྱུ་ནི་དུས་བབ་གསར་པའི་འོག་ཏང་གི་དམག་དཔུང་སྟོབས་ཆེར་གཏོང་བའི་དམིགས་ཚད་མངོན་འགྱུར་བྱ་རྒྱུར་དམིགས་ནས་ཁྲིམས་ལྟར་དམག་དཔུང་སྐྱོང་བ་དང་དམག་དཔུང་ནན་པོས་སྐྱོང་བའི་མཛད་ཕྱོགས་ལག་བསྟར་བྱས་ཏེ་དམག་དཔུང་ཚད་ལྡན་ཅན་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པའི་བྱེད་ཐབས་གལ་ཆེན་ཞིག་ཡིན།

 《སྲོལ་ཡིག》དེར་ལེའུ8དང་དོན་ཚན40ཡོད་པ་དང་། དམག་དཔུང་ལས་ཁུངས་ཀྱི་གཞུང་ཡིག་ཐག་གཅོད་ཀྱི་ལས་དོན་རྩ་དོན་དང་གཞུང་ཡིག་གི་རིགས་དང་རྣམ་གཞག་དང་། འབྲི་སྟངས་ལམ་སྲོལ། འགྲོ་ལུགས་གཉེར་བའི་བརྒྱུད་རིམ་དང་དོ་དམ་བླང་བྱ་སོགས་ཀྱི་ཐད་གཏན་འབེབས་གསར་པ་བྱས་ཡོད་པ་དང་། དམག་དཔུང་དང་ཏང་སྲིད་ལས་ཁུངས་ཀྱི་གཞུང་ཡིག་ཐག་གཅོད་ལས་དོན་གྱི་ཞིབ་འཇུག་བྱས་འབྲས་དང་ཉམས་མྱོང་གསར་པ་བསྡུ་ལེན་བྱས་ནས་སྒྲིག་སྲོལ་གསར་པའི་འོག་གི་དམག་དཔུང་ལས་ཁུངས་ཀྱི་གཞུང་ཡིག་ཐག་གཅོད་ལས་ཀའི་དུས་བསྟུན་འཕེལ་རྒྱས་ཀྱི་བླང་བྱ་མཚོན་ནས་དམག་དཔུང་ལས་ཁུངས་ཀྱི་གཞུང་ཡིག་ཐག་གཅོད་ལས་ཀར་ཚན་རིག་རང་བཞིན་དང་། མཛུབ་ཁྲིད་རང་བཞིན། བེད་སྤྱོད་རང་བཞིན་བཅས་ལྡན་པ་བྱས་ཡོད།

  《སྲོལ་ཡིག》ཡོངས་བསྒྲགས་དང་ལག་བསྟར་བྱས་པ་དེ་དམག་དཔུང་ལས་ཁུངས་ཀྱི་གཞུང་ཡིག་ཐག་གཅོད་ལས་དོན་སྤུས་ཚད་དང་ལས་ཆོད་ཆེ་རུ་འགྲོ་རྒྱུར་ཕན་པ་ཡོད་པ་དང་། ལས་ཁུངས་ཀྱི་གཞུང་ཡིག་ཐག་གཅོད་ལས་དོན་སྔར་བས་ཚན་རིག་ཅན་དང་། ལམ་ལུགས་ཅན། ཚད་ལྡན་ཅན་བཅས་ལ་སྐུལ་མ་ཐེབས་ནས་ཏང་ཀྲུང་དབྱང་དང་ཀྲུང་དབྱང་དམག་ཨུད་ཀྱི་ཐབས་ཇུས་དང་མཛུབ་སྟོན་ལག་བསྟར་དོན་འཁྱོལ་བྱ་རྒྱུར་འགན་ལེན་ཐུབ་པ་དང་། རིམ་ཁག་ལས་ཁུངས་ཀྱིས་འགན་ནུས་ནུས་ལྡན་ངང་བསྒྲུབ་རྒྱུར་འགན་ལེན་ཐུབ་ནས་དམག་དཔུང་འཛུགས་སྐྱོང་དང་དམག་དོན་འཐབ་རྩོད་ལ་དེ་བས་ལེགས་པའི་སྒོ་ནས་གྲ་སྒྲིག་དང་ཞབས་ཞུ་བྱ་རྒྱུར་ནུས་པ་གལ་ཆེན་ལྡན་ཡོད།   །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།