ཀྲུང་གོ་བོད་ཀྱི་དྲ་བ།

ཧྲན་ཏུང་གིས་སྐབས་དང་པོའི་རིག་གནས་འཛད་སྤྱོད་དམངས་ཕན་དུས་ཚིགས་ཀྱི་བྱེད་སྒོ་སྤེལ་བ།

ཡོང་ཁུངས། : མི་དམངས་དྲ་བ།     སྤེལ་དུས། : 2017-07-19
ཡིག་གཟུགས། :ཆུང་། འབྲིང་། ཆེ།

མི་དམངས་དྲ་བའི་འཕྲིན། ཉེ་སྔོན། གསར་འགོད་པས་ཧྲན་ཧུང་ཞིང་ཆེན་རིག་གནས་ཐིང་ནས་ཤེས་རྟོགས་བྱས་པར། སྐབས་དང་པོའི་ཧྲན་ཏུང་རིག་གནས་འཛད་སྤྱོད་དམངས་ཕན་དུས་ཚིགས་ཀྱི་བྱེད་སྒོ་དེ་ཟླ་7ཚེས་20ཉིན་ནས་འགོ་འཛུགས་རྒྱུ་ཡིན་ཞིང་། བྱེད་སྒོ་དེ་ཟླ་བ་གསུམ་བསྟུད་མར་སྤེལ་ནས་སྒྱུ་རྩལ་བརྩམས་ཆོས་རྩེ་གྲར་ལྟ་སྐོར་དང་། གསར་དར་རིག་གནས་སྔོག་འདོན། རིག་གནས་ཡུལ་སྐོར་མྱོང་རོལ། སྲོལ་རྒྱུན་ལག་ཤེས་ཉམས་ལེན། གྲངས་འཛིན་རིག་གནས་ལོངས་སྤྱོད། སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་ཀྱི་བྱང་ཚད་མཐོར་གཏོང་སོགས་ནང་དོན་ཆེན་པོ་དྲུག་འདོན་རྒྱུ་རེད།

ཧྲན་ཏུང་རིག་གནས་འཛད་སྤྱོད་དམངས་ཕན་དུས་ཚིགས་ཀྱི་བྱེད་སྒོའི་རིང“གཱ་གཅིག་དང་། ཤོག་བྱང་གཅིག ལས་སྟེགས་གཅིག”བཅས་ཀྱི་རིག་གནས་འཛད་སྤྱོད་སྐུལ་སྤེལ་མ་ལག་བཏོད་ཡོད་པ་སྟེ། “གཱ་གཅིག”ནི་ཧྲན་ཏུང་གི་རིག་གནས་དམངས་ཕན་གཱ་ཡིན། ལག་ཐོགས་ཁ་པར་དུད་སྣེ་དང་། PCདུད་སྣེ། བརྙན་འཕྲིན་དུད་སྣེ་བཅས་བརྒྱུད་རིན་མེད་ངང་ཐོ་བཀོད་ཚུར་ལེན་བྱེད་ཆོག གཱ་ཡོད་མཁན་གྱིས་གན་རྒྱ་བཞག་པའི་ཚོང་དུད་དུ་འཛད་སྤྱོད་བྱས་ཚེ། རིན་གོང་གཅོག་པ་མ་ཟད་སྐར་གྲངས་གསོག་ཆོག བསགས་པའི་སྐར་གྲངས་ཀྱིས་འཛད་སྤྱོད་ཤོག་བྱང་དང་ཐོན་རྫས་བརྗེ་པོ་བརྒྱབ་ཆོག “ཤོག་བྱང་གཅིག”ནི་རིག་གནས་འཛད་སྤྱོད(གློག་རྡུལ)ཤོག་བྱང་ཡིན། དངུལ་ཁང་ལས་རིགས་མཉམ་འབྲེལ་ལྷན་ཚོགས་ཀྱིས་སྤྲད་པའི་རིན་ཐང་སྒོར5ནས་སྒོར100བར་གྱི་འཛད་སྤྱོད་ཤོག་བྱང་བརྒྱུད་ཤོག་བྱང་ཡོད་མཁན་འཛད་སྤྱོད་པས་གན་རྒྱ་བཞག་པའི་ཚོང་དུད་ས་ནས་དངུལ་སྨར་ལྟར་རིན་གོང་གཅིག་མཚུངས་ཀྱི་འཛད་སྤྱོད་བྱེད་ཆོག “ལས་སྟེགས་གཅིག”ནི་རིག་གནས་དམངས་ཕན་འཛད་སྤྱོད་ཆ་འཕྲིན་ཞབས་ཞུའི་ལས་སྟེགས་ཡིན། “ཧྲན་ཏུང་སྒྱུ་རྩལ་སྤ་སེ་ཀུན་འཐུས”དང་ཧྲན་ཏུང་རིག་གནས་དམངས་ཕན་འཛད་སྤྱོད་དུས་ཚིགས་ཀྱི་གཞུང་ཕྱོགས་དྲ་ཚུགས། སྐད་འཕྲིན་སྤྱི་རྟགས། བརྙན་འཕྲིན་གྲངས་གཞིའི་ལས་སྟེགས་བཅས་བསྐྲུན་ཡོད། ཤེས་རྟོགས་བྱུང་བར་གཞིགས་ན། འཛད་སྤྱོད་ཤོག་བྱང་སྤྲོད་པའི་ལས་དོན་དེ་ཟླ7པའི་ཚེས6ཉིན་ནས་འགོ་བཙུགས་པ་དང་ཁག་དང་པོར་ཤོག་བྱང་ཁྲི38སྤྲད་ཡོད་པ་རེད།   །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།