ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕིང་གིས་རྒྱལ་ཡོངས་ཀྱི་དངུལ་རྩའི་བྱ་བའི་གྲོས་ཚོགས་སྟེང་གཏམ་གལ་ཆེན་བཤད་པ་དེས་རང་རྒྱལ་གྱི་དངུལ་རྩའི་བྱ་བ་སྔར་ལས་འཕེལ་རྒྱས་སུ་འགྲོ་བར་ཁ་ཕྱོགས་བསྟན།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-07-19
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཉེ་ལམ་ཚོགས་པའི་རྒྱལ་ཡོངས་ཀྱི་དངུལ་རྩའི་བྱ་བའི་གྲོས་ཚོགས་སྟེང་། དངོས་གཟུགས་དཔལ་འབྱོར་ལ་ཞབས་ཕྱི་སྒྲུབ་པ་དང་དངུལ་རྩའི་ཉེན་ཁ་འགོག་སྲུང་བྱེད་པ། དངུལ་རྩའི་བཅོས་སྒྱུར་གཏིང་ཟབ་ཏུ་སྤེལ་ཏེ། དཔལ་འབྱོར་དང་དངུལ་རྩ་འཁོར་རྒྱུག་བཟང་བོ་བྱེད་པ་དང་བརྟན་འཇགས་སྒོས་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་དགོས་ཞེས་ནན་གྱིས་བསྟན་པ་དེས་གནས་བབ་གསར་བའི་འོག་ཏུ་དངུལ་རྩའི་བྱ་བ་བཟང་བོར་བསྒྲུབ་པར་བསྲུང་བྱ་གལ་ཆེན་དང་ལག་ལེན་ཕྱོགས་སྟོན་འདོན་སྤྲོད་བྱས།

ཞི་ཅིན་ཕིང་གིས་བཤད་རྒྱུར། དངུལ་རྩའི་བྱ་བ་བཟང་བོར་སྒྲུབ་སྐབས་གཤམ་གྱི་རྩ་དོན་གལ་ཆེན་འགའ་གསལ་བོར་ཤེས་པར་བྱེད་དགོས། གཅིག ངོ་བོ་སྲུང་འཛིན་བྱས་ཏེ་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ཞབས་ཕྱི་བསྒྲུབ་པ་དང་ལེན་བྱེད་དགོས། གཉིས། སྒྲིག་གཞི་ལེགས་སྒྱུར་བྱས་ཏེ། དངུལ་རྩའི་ཚོང་ར་དང་དངུལ་རྩའི་སྒྲིག་གཞི། དངུལ་རྩའི་ཐོན་རྫས་མ་ལག་འཐུས་ཚང་དུ་གཏོང་དགོས། གསུམ། ལྟ་རྟོག་དང་དོ་དམ་ལ་ཤུགས་བསྣན་ཏེ་དངུལ་རྩའི་ཉེན་ཁ་འགོག་སྲུང་དང་ཞི་འཇགས་སུ་གཏོང་བའི་ནུས་པ་ཇེ་ཆེར་གཏོང་དགོས། བཞི། ཚོང་ར་ཁྲིད་ཕྱོགས་བྱས་ཏེ་ཚོང་རས་དངུལ་རྩའི་ཐོན་ཁུངས་སྒྲིག་སྦྱོར་ཁྲོད་དུ་ཐག་གཅོད་རང་བཞིན་གྱི་ནུས་པ་འདོན་དགོས་ཟེར།

ཆེད་ལས་མཁས་པས་བཤད་རྒྱུར། ཀྲུང་གོའི་དཔལ་འབྱོར་ཚུལ་སྒྱུར་རིམ་འཕར་བྱེད་པའི་གནད་འགག་དུས་སྐབས་སུ། དངུལ་རྩ་ལས་རིགས་ཀྱིས་ངོ་བོ་སྲུང་འཛིན་བྱས་ན་ད་གཟོད་སྔར་ལས་མང་པོའི་དངུལ་རྩའི་ཐོན་ཁུངས་དེ་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ཁྱབ་ཁོངས་གཙོ་བོ་དང་ཉམས་ཞན་ཁོར་ཡུག་ཏུ་སྒྲིག་སྦྱོར་བྱེད་ཐུབ་ཟེར།

ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ས་གནས་སྲིད་གཞུང་གིས་དངུལ་རྩའི་དོ་དམ་གཙོ་བོ་ནི་ཀྲུང་དབྱང་གི་འགན་དབང་ཡིན་པ་རྒྱུན་འཁྱོངས་བྱེད་པའི་ཆ་རྐྱེན་འོག ཀྲུང་དབྱང་གི་གཅིག་གྱུར་སྒྲིག་སྲོལ་ལྟར། ཁོངས་གཏོགས་ས་ཁུལ་གྱི་ཉེན་ཁ་ཐག་གཅོད་པའི་འགན་འཁྲིའི་ནུས་པ་ཇེ་ཆེར་གཏོང་དགོས་ཟེར།

ཆེད་ལས་མཁས་པས་བལྟས་ན། དངུལ་རྩ་ལས་རིགས་ཀྱིས་ངེས་པར་དུ་འདོན་སྤྲོད་ཕྱོགས་ཀྱི་སྒྲིག་གཞི་རང་བཞིན་གྱི་བཅོས་སྒྱུར་ཟབ་སྤེལ་བྱེད་པའི་རེ་བ་གསར་བ་དང་མཐུན་པར་བྱེད་པ་དང་། དངོས་གཟུགས་དཔལ་འབྱོར་ལ་ཞབས་ཕྱི་སྒྲུབ་པའི་ཕན་འབྲས་དང་ཆུ་ཚད་ཁྱོན་ཡོངས་ནས་ཇེ་མཐོར་གཏོང་དགོས། དེ་ལྟར་བྱས་ན་ད་གཟོད་དཔལ་འབྱོར་འཕེལ་རྒྱས་འཁོར་རྒྱུག་བཟང་བོ་བྱེད་པ་དང་བརྟན་འཇགས་སྒོས་འཕེལ་རྒྱས་སུ་འགྲོ་ཐུབ་པར་སྙམ། 

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།