ཟླ7པའི་ཚེས20ཉིན་གྱི་ཕྱི་དྲོར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་ཀྲུང་ནན་ཧེ་ཙི་ཀོང་ཀི་ནས་ནེའུ་ཙི་ལན་རྒྱལ་ཁབ་ཀྱི་སྔོན་ཆད་ཀྱི་ཙུང་ལི་ཡོ་ཧན་ཅི་ལ་ཐུག་འཕྲད་བྱས།
ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ7པའི་ཚེས20ཉིན་གྱི་ཕྱི་དྲོར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་ཀྲུང་ནན་ཧེ་ཙི་ཀོང་ཀི་ནས་ནེའུ་ཙི་ལན་རྒྱལ་ཁབ་ཀྱི་སྔོན་ཆད་ཀྱི་ཙུང་ལི་ཡོ་ཧན་ཅི་ལ་ཐུག་འཕྲད་བྱས།
ལིས་ཁི་ཆང་གིས་ཀྲུང་གོ་དང་ནེའུ་ཙི་ལན་བར་གྱི་འབྲེལ་བར་གདེང་འཇོག་མཐོན་པོ་བྱས་པ་དང་། ཡོ་ཧན་ཅི་ཡིས་ནེའུ་ཙི་ལན་རྒྱལ་ཁབ་ཀྱི་ཙུང་ལིའི་འགན་འཁུར་བའི་སྐབས་སུ་ཀྲུང་གོ་དང་ནེའུ་ཙི་ལན་བར་གྱི་འབྲེལ་བ་འཕེལ་རྒྱས་སུ་འགྲོ་བའི་ཐད་ལ་བྱས་རྗེས་བཞག་པར་གཟེངས་བསྟོད་བྱས་པར་མ་ཟད། ཀྲུང་གོ་ཕྱོགས་ཀྱིས་ནེའུ་ཙི་ལན་ཕྱོགས་ཀྱི་ལས་རིགས་སོ་སོ་དང་མཉམ་དུ་འབད་བརྩོན་བྱས་ཏེ། རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་དང་མཉམ་ལས་སྔར་ལས་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་འདོད་ཡོད་ཟེར།
ལིས་ཁི་ཆང་གིས་བཤད་རྒྱུར། ཀྲུང་གོས་སྒོ་འབྱེད་ཀྱི་སྒོ་མོ་སྔར་ལས་ཡངས་པར་ཕྱེས་པ་དང་། ང་ཚོས་བྱེད་ཐབས་ནུས་ལྡན་སྤྱད་དེ་ཞབས་ཕྱིའི་ལས་རིགས་དང་བཅས་པའི་སྒོ་འབྱེད་སྔར་ལས་རྒྱ་བསྐྱེད་ངེས་ཡིན། ཕྱི་རྒྱལ་གྱི་ཁེ་ལས་ཀྲུང་གོར་ཡོང་ནས་མ་དངུལ་གཏོང་བར་དགའ་བསུ་ཞུ་བ་དང་། ང་ཚོས་རྒྱལ་ཁབ་ཕྱི་ནང་གི་ཁེ་ལས་ལ་འདྲ་མཉམ་སྟབས་བདེ་དང་ལྟ་ཚུལ་གཅིག་འདྲ་འཛིན་པའི་ཚོང་གཉེར་ཁོར་ཡུག་གསར་སྐྲུན་བྱས་ཏེ་མུ་མཐུད་ནས་ནང་འདྲེན་ནུས་ཤུགས་ལྡན་པའི་དངུལ་གཏོང་ཁོར་ཡུག་གསར་སྐྲུན་བྱེད་ངེས་ཡིན་ཟེར།
ཡོ་ཧན་ཅི་ཡིས་བཤད་རྒྱུར། ཙུང་ལི་ལིས་ཁི་ཆང་གིས་ད་ལོའི་ལོ་སྟོད་ལ་ནེའུ་ཙི་ལན་ལ་འཚམས་འདྲི་བྱས་ཏེ་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་དང་མཉམ་ལས་སྔར་ལས་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་བཏང་། ནེའུ་ཙི་ལན་གྱི་ལས་རིགས་སོ་སོས་ཀྲུང་གོའི་འཕེལ་རྒྱས་ཀྱི་མདུན་ལྗོངས་ལ་རེ་བ་བཅངས་པ་དང་ཀྲུང་གོ་དང་མཛའ་མཐུན་མཉམ་ལས་བྱེད་པར་འབད་བརྩོན་བྱེད་བཞིན་ཡོད། ནེའུ་ཙི་ལན་དང་ཀྲུང་གོའི་འབྲེལ་བ་སྔར་ལས་འཕེལ་རྒྱས་སུ་འགྲོ་བར་ཡིད་ཆེས་ཡོད་ཟེར། །