ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕིང་ཀྲུང་གོ་མི་དམངས་གསར་བརྗེ་དམག་དོན་རྟེན་མཛོད་ཁང་དུ་སོང་སྟེ་ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་བཙུགས་ནས་ལོ་དགུ་བཅུ་ལོན་པར་རྟེན་འབྲེལ་ཞུ་བའི་འགྲེམ་སྟོན་ལ་བལྟས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-07-22
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་བཙུགས་ནས་ལོ་དགུ་བཅུ་ལོན་པའི་སྐབས་འདིར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་ཚེས་ཉེར་གཅིག་ཉིན་ཀྲུང་གོ་མི་དམངས་གསར་བརྗེ་དམག་དོན་རྟེན་མཛོད་ཁང་དུ་སོང་སྟེ། འོད་སྟོང་འབར་བའི་ལོ་རྒྱུས་ནམ་ཡང་མི་བརྗེད་པར་དམག་དཔུང་སྟོབས་ལྡན་དུ་གཏོང་བའི་རླབས་ཆེན་ལས་དོན་གསར་སྐྲུན་བྱེད་དགོས་ཞེས་པའི་ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་བཙུགས་ནས་ལོ་དགུ་བཅུ་ལོན་པར་རྟེན་འབྲེལ་ཞུ་བ་བརྗོད་དོན་ཡིན་པའི་འགྲེམ་སྟོན་ལ་བལྟས། ཁོས་ནན་གྱིས་བསྟན་དོན། ལོ་དགུ་བཅུའི་རིང་ལ། མི་དམངས་དམག་དཔུང་གིས་ཏང་གི་མགོ་ཁྲིད་འོག་མུ་མཐུད་དུ་རྒྱལ་ཁ་ནས་རྒྱལ་ཁའི་ཕྱོགས་སུ་བསྐྱོད་དེ། མི་རིགས་རང་བཙན་དང་མི་དམངས་བཅིངས་འགྲོལ་བྱེད་པ་དང་རྒྱལ་ཁབ་སྟོབས་ལྡན་དང་མི་དམངས་བདེ་སྐྱིད་ཡོང་བའི་ཐད་ལ་བྱས་རྗེས་ཆེན་པོ་བཞག མི་དམངས་དམག་དཔུང་གིས་འབད་བརྩོན་བྱས་པའི་ལོ་དགུ་བཅུའི་ནང་དུ་ཕུགས་འདུན་དང་ཡིད་ཆེས་བརྟན་པོ་དང་གསར་བརྗེའི་སྲོལ་རྒྱུན་བཟང་བོ། འགྱུར་མེད་འཐབ་འཛིང་སྤྱོད་ཚུལ་བཅས་གཅིག་སྡུད་བྱས་པ་ནི་ང་ཚོའི་རིན་ཐང་བྲལ་བའི་བསམ་བློའི་རྒྱུ་ནོར་ཡིན། ང་ཚོས་འོད་སྟོང་འབར་བའི་ལོ་རྒྱུས་ནམ་ཡང་མི་བརྗེད་པར་གསར་བརྗེའི་སྲོལ་བཟང་རྒྱུན་འཛིན་བྱེད་པ་དང་། མགོ་ཚུགས་ས་གསར་བ་ནས་གསར་བརྗེ་སྔོན་རབས་པས་གསར་གཏོད་བྱས་པའི་རླབས་ཆེན་ལས་དོན་སྔར་ལས་གོང་འཕེལ་དུ་གཏོང་དགོས་ལ། རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས། དེ་མིན་དམག་དཔུང་ཡོངས་ཀྱི་རྒྱ་ཆེའི་བཀོད་འཐབ་པ་ཡོངས་ལ་སྐུལ་སློང་བྱས་ཏེ་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་བགྲོད་ལམ་ཡིད་ཆེས་དང་རིགས་གཞུང་ཡིད་ཆེས། ལམ་ལུགས་ཡིད་ཆེས། རིག་གནས་ཡིད་ཆེས་ཇེ་བརྟན་དུ་བཏང་ནས། ཧུར་ཐག་སྒོས་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པ་དང་མི་དམངས་དམག་དཔུང་དེ་འཛམ་གླིང་ཡོངས་ཀྱི་སྟོབས་ལྡན་དམག་དཔུང་དུ་འཛུགས་སྐྲུན་བྱེད་པར་འབད་བརྩོན་ལྷོད་མེད་བྱེད་དགོས་ཟེར།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན་ལིས་ཁི་ཆང་དང་ཀྲང་ཏི་ཅང་། ཡུས་ཀྲིན་ཧྲིན། ལིག་ཡུན་ཧྲན། ཝང་ཆི་ཧྲན། ཀྲང་ཀའོ་ལིས་བཅས་ཀྱིས་འགྲེམ་སྟོན་ལ་བལྟས།   །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།