ཀྲུང་གོ་བོད་ཀྱི་དྲ་བ།

རྒྱལ་ཡོངས་སྲིད་གྲོས་ཀྱིས་གཟའ་འཁོར་གཉིས་ཀྱི་བཞུགས་མོལ་ཚོགས་འདུ་ཐེངས་དོན་གཅིག་པ་བསྡུས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-07-22
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ7པའི་ཚེས20ཉིན། རྒྱལ་ཡོངས་སྲིད་གྲོས་ཀྱིས་པེ་ཅིན་ནས་གཟའ་འཁོར་གཉིས་ཀྱི་བཞུགས་མོལ་ཚོགས་འདུ་ཐེངས་དོན་གཅིག་པ་བསྡུས་ཏེ། རང་རྒྱལ་འཕྲོད་བསྟེན་གྱིས་ཨ་ཧྥེ་རི་ཁར་རོགས་སྐྱོར་བྱེད་པའི་བྱ་བར་ཤུགས་སྣོན་པར་བློ་འདོན་ཇུས་འབུལ་བྱས། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཡུས་ཀྲིན་ཧྲིན་གྱིས་གྲོས་ཚོགས་ལ་མགོ་འཛིན་བྱས་པར་མ་ཟད་གཏམ་བཤད།

ཚོགས་ཐོག་ཏུ་ཨུ་ཡོན་རྣམས་ཀྱིས་སྨན་རྫས་ཐོན་ལས་ཀྱི་འཕེལ་རྒྱས་ལ་ཅི་ལྟར་ཤུགས་སྣོན་པ་དང་འཕྲོད་བསྟེན་གྱིས་ཨ་ཧྥེ་རི་ཁར་རོགས་སྐྱོར་བྱེད་པ་ཟུང་འབྲེལ་བྱས་ཏེ། ཀྲུང་ལུགས་སྨན་རྫས་ཨ་ཧྥེ་རི་ཁ་ནས་ཁྱབ་གདལ་དུ་གཏོང་བ་དང་རྒྱབ་སྐྱོར་ཤུགས་ཚད་ཇེ་ཆེར་གཏོང་བ་སོགས་ཀྱི་གནད་དོན་ཐད་ནས་བསམ་འཆར་དང་གྲོས་གཞི་བཏོན་པ་དང་། ཡུས་ཀྲིན་ཧྲིན་གྱིས་ནན་ཏན་སྒོས་བསམ་འཆར་དང་གྲོས་གཞི་ལ་ཉན་ཞོར་དུ་ཚང་མ་དང་མཉམ་དུ་བསམ་བློ་བརྗེ་རེས་བྱས།

རྒྱལ་ཡོངས་སྲིད་གྲོས་ཀྱིས་རང་རྒྱལ་འཕྲོད་བསྟེན་གྱིས་ཨ་ཧྥེ་རི་ཁར་རོགས་སྐྱོར་བྱེད་པའི་བྱ་བར་ཤུགས་སྣོན་པར་ཡིད་འཇོག་ཆེན་པོ་བྱེད་བཞིན་ཡོད། ཐེངས་འདིའི་གྲོས་ཚོགས་བཟང་བོར་བསྡུ་ཆེད། ཞིང་བཟོ་ཏང་ཀྲུང་དབྱང་དང་རྒྱལ་ཡོངས་སྲིད་གྲོས་ཕྱི་དོན་ཨུ་ཡོན་ལྷན་ཁང་གིས་རྟོག་ཞིབ་ཚན་ཆུང་རྩ་འཛུགས་བྱས་ཏེ། ཞིང་ཆེན་དང་གྲོང་ཁྱེར་ཁ་ཤས་ལ་སོང་སྟེ་ཆེད་དོན་རྟོག་ཞིབ་བྱས།   །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།