ཀྲུང་གོ་བོད་ཀྱི་དྲ་བ།

ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་བཙུགས་ནས་ལོ་དགུ་བཅུ་ལོན་པར་རྟེན་འབྲེལ་ཞུ་བའི་འགྲེམ་སྟོན་མགོ་བརྩམས་པའི་མཛད་སྒོ་ཀྲུང་གོ་མི་དམངས་གསར་བརྗེ་དམག་དོན་རྟེན་མཛོད་ཁང་དུ་བསྡུས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-07-22
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། འོད་སྟོང་འབར་བའི་ལོ་རྒྱུས་ནམ་ཡང་མི་བརྗེད་པར་དམག་དཔུང་སྟོབས་ལྡན་དུ་གཏོང་བའི་རླབས་ཆེན་ལས་དོན་གསར་གཏོད་བྱེད་དགོས་པ་སྟེ་ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་བཙུགས་ནས་ལོ་དགུ་བཅུ་ལོན་པར་རྟེན་འབྲེལ་ཞུ་བ་བརྗོད་དོན་ཡིན་པའི་འགྲེམ་སྟོན་མགོ་བརྩམས་པའི་མཛད་སྒོ་ཚེས་ཉེར་གཅིག་ཉིན་གྱི་སྔ་དྲོར་ཀྲུང་གོ་མི་དམངས་གསར་བརྗེ་དམག་དོན་རྟེན་མཛོད་ཁང་དུ་བསྡུས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི་ལིག་ཡུན་ཧྲན་གྱིས་གཏམ་བཤད་པར་མ་ཟད་འགྲེམ་སྟོན་མགོ་བརྩམས་པ་ཁྱབ་སྒྲོག་བྱས།

མཛད་སྒོའི་སྟེང་ལིག་ཡུན་ཧྲན་གྱིས་བཤད་རྒྱུར། ང་ཚོས་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་མཐུན་སྒྲིལ་དམ་པོ་བྱས་ཏེ། ཐོག་མའི་སེམས་འདུན་མི་བརྗེད་པར་དཀའ་སྤྱད་འབད་བརྩོན་བྱེད་པ་དང་། གཡུར་དུ་ཟ་བའི་གྲུབ་འབྲས་བླངས་ནས་ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་བ་རྒྱལ་ཁའི་ངང་འཚོགས་པར་བསུ་མ་བྱེད་པ་དང་། དམག་དཔུང་སྟོབས་ལྡན་དུ་གཏོང་བའི་དམིགས་འབེན་མངོན་འགྱུར་བྱེད་པ་དང་འཛམ་གླིང་སྟེང་དུ་སྟོབས་ཤུགས་ཆེ་བའི་དམག་དཔུང་ཞིག་འཛུགས་སྐྲུན་བྱེད་པ། བརྒྱ་ལོ་གཉིས་ཀྱི་འབད་འཐབ་དམིགས་འབེན་དང་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པར་འབད་བརྩོན་བྱེད་དགོས་ཟེར།   །
 

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།