ཀྲུང་གོ་བོད་ཀྱི་དྲ་བ།

ཀྲུང་གུང་ཀྲུང་དབྱང་གི་མངག་བཅོལ་ལྟར། སུན་ཁྲུན་ལན་གྱིས་ཏང་ཕྱིའི་མི་སྣར་རྒྱལ་ཡོངས་ཀྱི་དངུལ་རྩ་བྱ་བའི་གྲོས་ཚོགས་ཀྱི་དགོངས་དོན་ཁྱབ་སྒྲོག་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-07-24
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཀྲུང་གུང་ཀྲུང་དབྱང་གི་མངག་བཅོལ་ལྟར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན། ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་སུན་ཁྲུན་ལན་གྱིས་ཉེ་ལམ་ཏང་ཕྱིའི་མི་སྣར་རྒྱལ་ཡོངས་ཀྱི་དངུལ་རྩ་བྱ་བའི་གྲོས་ཚོགས་ཀྱི་དགོངས་དོན་ཁྱབ་སྒྲོག་བྱས།

སུན་ཁྲུན་ལན་གྱིས་བཤད་རྒྱུར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྒྱལ་ཡོངས་ཀྱི་དངུལ་རྩ་བྱ་བའི་གྲོས་ཚོགས་སྟེང་གནང་བའི་གཏམ་བཤད་གལ་ཆེན་ལས་རང་རྒྱལ་གྱི་དངུལ་རྩ་བྱ་བའི་མདུན་དུ་ལྷགས་པའི་གནས་བབ་ལ་དབྱེ་ཞིབ་ཟབ་མོ་བྱས་ཡོད་པ་དང་། དངུལ་རྩ་བྱ་བའི་སྲིད་ཇུས་དང་བྱེད་ཕྱོགས། ལས་འགན་གཙོ་བོ་བཏོན་ཡོད་པར་མ་ཟད། དེང་སྐབས་རང་རྒྱལ་གྱི་དངུལ་རྩའི་ཁྱབ་ཁོངས་ཀྱི་ཁྱོན་ཡོངས་རང་བཞིན་གྱི་གནད་དོན་གལ་ཆེན་རབ་དང་རིམ་པར་ལན་བཏབས་ཡོད། འཐབ་ཕྱོགས་གཅིག་གྱུར་གྱིས་རྒྱལ་ཡོངས་ཀྱི་དངུལ་རྩ་བྱ་བའི་གྲོས་ཚོགས་ཀྱི་དགོངས་དོན་དང་ལྷག་པར་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གཏམ་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་པ་དང་། བསམ་བློ་དང་བྱ་སྤྱོད་གཉིས་ཀ་ཀྲུང་གུང་ཀྲུང་དབྱང་གི་དངུལ་རྩ་བྱ་བའི་ཐབས་ཇུས་དང་བཀོད་སྒྲིག་དང་གཅིག་གྱུར་བྱས་ཏེ། དངུལ་རྩའི་བཅོས་སྒྱུར་དང་འཕེལ་རྒྱས། བརྟན་འཇགས་བཅས་ལ་སྐུལ་འདེད་གཏོང་བར་བྱས་རྗེས་ཆེན་པོ་འཇོག་དགོས་པ་དང་། གཡུར་དུ་ཟ་བའི་གྲུབ་འབྲས་བླངས་ནས་ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་བ་རྒྱལ་ཁའི་ངང་འཚོགས་པར་བསུ་མ་བྱེད་དགོས། དམངས་གཙོ་ཏང་ཁག་སོ་སོ་དང་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས། ཏང་ཁག་གང་ལའང་མི་གཏོགས་པའི་མི་སྣས་དངུལ་རྩའི་ལྟ་སྐུལ་དོ་དམ་མཐུན་སྦྱོར་ཡོང་བ་དང་། ལྟ་སྐུལ་དོ་དམ་གྱི་མི་འདང་ས་ཁ་གསབ་བྱེད་པ་སོགས་དངུལ་རྩའི་བཅོས་སྒྱུར་དང་འཕེལ་རྒྱས། བརྟན་འཇགས་བཅས་ལ་འབྲེལ་བ་ཡོད་པའི་གནད་དོན་གལ་ཆེན་ལ་དམིགས་ཏེ། རྟོག་ཞིབ་ཞིབ་འཇུག་ཟབ་མོ་བྱེད་པ་དང་སྤུས་ཚད་ལེགས་པའི་བསམ་འཆར་དང་གྲོས་གཞི་འདོན་དགོས་ཟེར། 

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།