ཀྲུང་གོ་བོད་ཀྱི་དྲ་བ།

ལིས་ཁི་ཆང་གིས་ཡ་གླིང་དངུལ་རྩ་མཉམ་ལས་མཐུན་ཚོགས་འཛུགས་པའི་ཚོགས་ཆེན་ལ་རྟེན་འབྲེལ་ཞུ་བའི་གློག་འཕྲིན་བཏང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-07-25
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་ཟླ་བདུན་པའི་ཚེས་ཉེར་བཞི་ཉིན་ཡ་གླིང་དངུལ་རྩ་མཉམ་ལས་མཐུན་ཚོགས་འཛུགས་པའི་ཚོགས་ཆེན་སྟེང་རྟེན་འབྲེལ་ཞུ་བའི་གློག་འཕྲིན་བཏང་།

ལིས་ཁི་ཆང་གིས་གློག་འཕྲིན་ནང་བསྟན་དོན། བརྟན་བརླིང་དང་ཕན་འབྲས་མཐོ་བའི་དངུལ་རྩའི་མ་ལག་འཛུགས་པ་ནི། འཛམ་གླིང་དཔལ་འབྱོར་རྒྱུན་མཐུད་ངང་འཕེལ་རྒྱས་སུ་གཏོང་བའི་རྨང་གཞི་གལ་ཆེན་ཡིན་པས། ཀྲུང་གོས་ཡ་གླིང་དངུལ་རྩ་མཉམ་ལས་མཐུན་ཚོགས་འཛུགས་པར་རྒྱབ་སྐྱོར་བྱེད་པ་དང་། མཉམ་འབྲེལ་མཉམ་ལས་དང་མཉམ་བཅོས་མཉམ་སྤྱོད་དམིགས་འབེན་དུ་བྱས་ནས། ཁུལ་ཁོངས་དངུལ་རྩའི་ཐོན་ཁུངས་བཀོད་སྒྲིག་ཇེ་ལེགས་སུ་གཏོང་བ་དང་། རྒྱལ་ཁབ་སོ་སོ་དང་ལྷག་པར་དུ་གསར་དར་དཔལ་འབྱོར་ཚོགས་པ་འཕེལ་རྒྱས་སུ་གཏོང་བར་རྒྱབ་སྐྱོར་བྱེད་པའི་གྲོས་གཞི་བཏོན་པ་ཡིན་ལ། ཀྲུང་གོ་ཕྱོགས་ཀྱིས་འབྲེལ་ཡོད་ཕྱོགས་སོ་སོ་དང་མཉམ་དུ་རྒྱུད་གཅིག་ལམ་གཅིག་འཛུགས་སྐྲུན་བྱེད་པར་སྐུལ་འདེད་བྱས་ནས། ཡ་གླིང་དངུལ་རྩ་མཉམ་ལས་མཐུན་ཚོགས་ཐད་ཤུགས་ཡོད་ཀྱི་འདེགས་སྐྱོར་འདོན་སྤྲོད་བྱེད་འདོད་ཡོད་ཟེར།

ལིས་ཁི་ཆང་གིས་བསྟན་དོན། ཡ་གླིང་དངུལ་རྩ་མཉམ་ལས་མཐུན་ཚོགས་ཀྱིས་ལྗང་མདོག་དངུལ་རྩ་དང་ཀུན་ཕན་དངུལ་རྩ་སོགས་ཀྱི་འདུ་ཤེས་རྒྱུན་འཛིན་བྱེད་པ་དང་། ཧུར་ཐག་གིས་འཚོལ་ཞིབ་དང་མཐུན་སྒྲིལ་མཉམ་ལས་བྱེད་པ། རིམ་བཞིན་དུ་ཁུལ་ཁོངས་དངུལ་རྩ་བརྗེ་རེས་དང་མཉམ་ལས་ཐད་ཀྱི་སྐུལ་འདེད་པ་དང་ཚད་གཞི་གཏན་འབེབས་ཀྱི་སྣེ་ཁྲིད་པ། བདེ་འཇགས་དང་གཏན་འཇགས་སྲུང་སྐྱོབ་པ། འཛམ་གླིང་དངུལ་རྩའི་བཅོས་སྐྱོང་གི་མཉམ་འཛུགས་པ་བཅས་སུ་འགྱུར་བར་བྱས་ཏེ། ཡ་གླིང་དང་ཐ་ན་འཛམ་གླིང་ཧྲིལ་བོའི་དཔལ་འབྱོར་དངུལ་རྩ་བརྟན་བརླིང་ངང་འཕེལ་རྒྱས་སུ་གཏོང་བའི་ཐད་བྱས་རྗེས་ཆེན་པོ་འཇོག་དགོས་ཟེར།

རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་མཱ་ཁེ་མཐུན་ཚོགས་འཛུགས་པའི་མཛད་སྒོར་ཞུགས་པ་དང་། ཡ་གླིང་དངུལ་རྩ་མཉམ་ལས་མཐུན་ཚོགས་པེ་ཅིན་དུ་བཙུགས་པ་དང་། ཐོག་མའི་ཁོང་གཏོགས་ལས་ཁུངས་ཁྲོད་འཛམ་གླིང་གི་རྒྱལ་ཁབ་སོ་སོ་ནས་ཡོང་བའི་དངུལ་རྩའི་སྡེ་ཁག་བརྒྱ་དང་བདུན་འདུ།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།