ཀྲུང་གོ་བོད་ཀྱི་དྲ་བ།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡིས་དམག་དཔུང་གི་གཞི་ཁྱོན་སྒྲིག་གཞི་དང་སྟོབས་ཤུགས་ལེགས་སྒྲིག་བཅོས་སྒྱུར་ལག་བསྟར་བྱས་ཏེ། ཀྲུང་གོའི་ཁྱད་ཆོས་ཀྱི་དེང་རབས་དམག་དོན་སྟོབས་ཤུགས་མ་ལག་གསར་སྐྲུན་བྱེད་པའི་ཐད་ནས་ཐུན་མོང་གི་སློབ་སྦྱོང་ཐེངས་ཞེ་གཉིས་པ་བསྡུས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-07-26
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཟླ་བདུན་པའི་ཚེས་ཉེར་བཞི་ཉིན་གྱི་ཕྱི་དྲོར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡིས་དམག་དཔུང་གི་གཞི་ཁྱོན་སྒྲིག་གཞི་དང་སྟོབས་ཤུགས་ལེགས་སྒྲིག་བཅོས་སྒྱུར་ལག་བསྟར་བྱས་ཏེ། ཀྲུང་གོའི་ཁྱད་ཆོས་ཀྱི་དེང་རབས་དམག་དོན་སྟོབས་ཤུགས་མ་ལག་གསར་སྐྲུན་བྱེད་པའི་ཐད་ནས་ཐུན་མོང་གི་སློབ་སྦྱོང་ཐེངས་ཞེ་གཉིས་པ་བསྡུས། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཐུན་མོང་གི་སློབ་སྦྱོང་ལ་མགོ་འཛིན་བྱེད་སྐབས་ནན་གྱིས་བསྟན་དོན། རྒྱལ་སྲུང་དང་དམག་དཔུང་གི་བཅོས་སྒྱུར་ཟབ་སྤེལ་བྱེད་པ་ནི་མཁྲེགས་གཏོར་གཡུལ་འགྱེད་ཅིག་ཡིན་པས། དམག་དཔུང་གིས་སྟོབས་ཤུགས་ཡོད་རྒུ་འདོན་དགོས་པ་དང་ཏང་ཡོངས་དང་རྒྱལ་ཡོངས་ཀྱིས་རྒྱབ་སྐྱོར་ཆེན་པོ་བྱེད་དགོས་ལ། དམག་དཔུང་དང་ས་གནས་ཀྱིས་མཉམ་འབྲེལ་བྱས་ཏེ་སེམས་ཤུགས་གཅིག་སྒྲིལ་སྒོས་དམག་དཔུང་དང་ས་གནས་བརྒལ་བའི་བཅོས་སྒྱུར་ལས་འགན་ཡོངས་འགྲུབ་བྱེད་པ་དང་། དོན་དངོས་ཀྱི་བྱ་སྤྱོད་ལ་བརྟེན་ནས་རྒྱལ་སྲུང་དང་དམག་དཔུང་གི་བཅོས་སྒྱུར་ལ་རྒྱབ་སྐྱོར་བྱས་ནས། དམག་སྲིད་དམག་དམངས་མཐུན་སྒྲིལ་བྱེད་པའི་ཆབ་སྲིད་ཁྱད་སྟོབས་དེ་བཅོས་སྒྱུར་ལ་བརྟེན་ནས་དམག་དཔུང་སྟོབས་ལྡན་དུ་གཏོང་བའི་སྟོབས་ཤུགས་ཆེན་པོ་རུ་སྒྱུར་དགོས་ཟེར།

ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་རྒྱལ་སྲུང་དང་དམག་དཔུང་བཅོས་སྒྱུར་ཟབ་སྤེལ་མགོ་ཁྲིད་ཚན་ཆུང་གི་ཆེད་མཁས་བློ་འདོན་ཚན་ཁག་གི་ཚན་གཙོ་གཞོན་པ་ཚེ་ཧོང་ཧྲོ་ཡིས་གནད་དོན་དེའི་ཐད་ལ་སྒྲོག་འགྲེལ་བྱས་པར་མ་ཟད་བསམ་འཆར་དང་གྲོས་གཞི་བཏོན།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་བློ་མཐུན་རྣམས་ཀྱིས་ཁོའི་སྒྲོག་འགྲེལ་ལ་ནན་ཏན་སྒོས་ཉན་པར་མ་ཟད་འབྲེལ་ཡོད་གནད་དོན་ཐད་ནས་གྲོས་བསྡུར་བྱས།

ཞི་ཅིན་ཕིང་གིས་ཐུན་མོང་གི་སློབ་སྦྱོང་ལ་མགོ་འཛིན་བྱེད་སྐབས་བཤད་རྒྱུར། ཉིན་འགའི་རྗེས་སུ་ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་བཙུགས་ནས་ལོ་དགུ་བཅུ་ལོན་པའི་ཉིན་མོ་ཐོན་བཞིན་ཡོད་པས། ང་ཚོས་དམིགས་བསལ་སྒོས་རྒྱལ་སྲུང་དང་དམག་དཔུང་འཛུགས་སྐྲུན་སྐོར་གྱི་བརྗོད་དོན་བཀོད་སྒྲིག་བྱས་པ་དང་། དེ་ནི་ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་ཚུན་ལ་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཐུན་མོང་གི་སློབ་སྦྱོང་གིས་ཐེངས་གསུམ་ལ་རྒྱལ་སྲུང་དང་དམག་དཔུང་འཛུགས་སྐྲུན་བརྗོད་དོན་བྱས་པ་རེད། ཐེངས་འདིའི་ཐུན་མོང་སློབ་སྦྱོང་གིས་དམག་དཔུང་གི་གཞི་ཁྱོན་སྒྲིག་གཞི་དང་སྟོབས་ཤུགས་ལེགས་སྒྲིག་བཅོས་སྒྱུར་ནང་དོན་དུ་བཞག་པའི་དམིགས་ཡུལ་ནི་བཅོས་སྒྱུར་རྗེས་ཀྱི་རང་རེའི་དམག་དཔུང་གི་སྟོབས་ཤུགས་མ་ལག་གི་རྣམ་པ་གསར་བ་རྒྱུས་ལོན་བྱེད་པ་དང་། རྒྱལ་སྲུང་དང་དམག་དཔུང་བཅོས་སྒྱུར་གཏིང་ཟབ་ཏུ་སྤེལ་བར་ཞིབ་འཇུག་བྱེད་རྒྱུ་དེ་ཡིན་ཟེར།

ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། རྒྱལ་སྲུང་དང་དམག་དཔུང་བཅོས་སྒྱུར་ཐད་ནས་རིགས་གཞུང་གྲུབ་འབྲས་དང་ལག་ལེན་གྲུབ་འབྲས། ལམ་ལུགས་གྲུབ་འབྲས་སྐོར་ཞིག་བླངས་ཡོད་པས་དུས་ཐོག་ཏུ་སྲ་བརྟན་དུ་གཏོང་བ་དང་རྒྱ་སྐྱེད་དགོས། མགོ་ཁྲིད་ཀྱི་བཀོད་འདོམས་སྒྲིག་སྲོལ་འཐུས་ཚང་དུ་གཏོང་བ་དང་སྒྲིག་སྲོལ་གསར་བ་དང་མཐུན་པའི་བྱ་བའི་འཁོར་སྐྱོད་རྐྱེན་སྲོལ་ཆ་ཚང་དུ་གཏོང་དུ་གཏོང་དགོས་ལ། དམག་དོན་ཁྲིམས་སྲོལ་གྱི་འཛུགས་སྒྱུར་སྐྱུར་འགྲེལ་བྱ་བ་བཟང་བོར་བསྒྲུབ་ནས། སྒྲིག་སྲོལ་གསར་བ་ལེགས་སྒྲིག་གསར་བ་བྱས་པའི་ཁྱད་སྟོབས་འགྲེལ་བཤད་གང་ལེགས་བྱེད་དགོས། དམག་དོན་དོ་དམ་གསར་སྐྲུན་བྱེད་པ་དེ་གོ་གནས་གལ་ཆེན་དུ་བཞག་སྟེ་ནུས་ཤུགས་ཡོད་ཚད་བཏོན་ནས་དོ་དམ་འདུ་ཤེས་གསར་བཅོས་བྱེད་པ་དང་དོ་དམ་བརྒྱུད་རིམ་ལེགས་སྒྱུར་བྱེད་པ། དོ་དམ་རྣམ་པ་གསར་སྒྱུར་བྱས་ནས། རང་རེའི་དམག་དཔུང་གི་ཁྱད་ཆོས་དེང་རབས་དོ་དམ་སྒྲིག་སྲོལ་འཕེལ་རྒྱས་སུ་གཏོང་བ་དང་རྣམ་པ་གསར་བའི་དམག་དོན་དོ་དམ་སྒྲིག་སྲོལ་གསར་སྐྲུན་བྱེད་པའི་ཐད་ནས་ངོ་བོ་རང་བཞིན་གྱི་གོམ་སྟབས་ཆེན་པོ་སྤོ་དགོས། འབྲེལ་ཡོད་ཕྱོགས་སོ་སོ་དང་ལྷག་པར་དུ་ས་གནས་ཏང་ཨུ་དང་སྲིད་གཞུང་གིས་ཐབས་བརྒྱ་ཇུས་སྟོང་སྒོས་དཔོན་དམག་གི་དཀའ་ཁག་སྣ་ཚོགས་སེལ་རོགས་བྱེད་དགོས་ཟེར། 

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།