ཀྲུང་གོ་བོད་ཀྱི་དྲ་བ།

ལིས་ཁི་ཆང་གིས་རྨང་གཞིའི་གློག་འཕྲིན་ཁེ་ལས་ཀྱི་བྱ་བར་གཟིགས་ཞིབ་བྱས་པ་མ་ཟད་འགོ་འཛིན་བྱས་ཏེ་བཞུགས་མོལ་ཚོགས་འདུ་བསྡུས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-08-01
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཟླ་བདུན་པའི་ཚེས་སོ་གཅིག་ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་ཀྲུང་གོ་གློག་འཕྲིན་དང་ཀྲུང་གོ་དབྱི་ཏུང་། ཀྲུང་གོ་ལེན་ཐུང་བཅས་ཀྱི་བྱ་བར་རྟོག་ཞིབ་བྱས་པ་མ་ཟད་འགོ་བྱས་ཏེ་བཞུགས་མོལ་ཚོགས་འདུ་བསྡུས།

ཀུང་ཟི་ཆེན་པོ་དེ་གསུམ་ནས། ལིས་ཁི་ཆང་གིས་ཁེ་ལས་ཀྱིས་ཆ་འཕྲིན་རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་ལ་ཤུགས་སྣོན་པ་དང་ལག་རྩལ་གསར་གཏོད་དང་བེད་སྤྱོད། དྲ་རྒྱའི་མྱུར་ཚད་ཇེ་མགྱོགས་དང་གྲོན་དངུལ་ཇེ་ཉུང་དུ་གཏོང་བ་སོགས་འབྲེལ་ཡོད་གནས་ཚུལ་ལ་རྟོག་ཞིབ་བྱས། ཁོས་ཁེ་ལས་ཀྱིས་ཚན་རྩལ་གསར་བརྗེ་དང་ཐོན་ལས་གསར་སྒྱུར་གྱི་གནས་བབ་དང་བསྟུན་ནས། སྲོག་ཤིང་གི་ལག་རྩལ་སྔར་ལས་མང་པོ་གསར་གཏོད་བྱེད་དགོས་པའི་སྐུལ་མ་བཏང་།

བཞུགས་མོལ་ཚོགས་འདུའི་སྟེང་། བཟོ་ལས་དང་ཆ་འཕྲིན་ཅན་པུའུ་ཡི་འགན་ཁུར་བས་བྱ་བ་ཡར་ཞུ་བྱས། ལིས་ཁི་ཆང་གིས་བཤད་རྒྱུར། ཉེ་བའི་ལོ་འགའི་རིང་ལ་བཟོ་ལས་དང་ཆ་འཕྲིན་ཅན་ཁོངས་གཏོགས་དང་གློག་འཕྲིན་ལས་རིགས་ཀྱི་རྒྱ་ཆེའི་ལས་བཟོ་བས་ཏང་ཀྲུང་དབྱང་གི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བཀོད་སྒྲིག་ལྟར། འཕེལ་རྒྱས་ཀྱི་འདུ་ཤེས་གསར་བ་ལག་བསྟར་བྱས་ཏེ། འདོན་སྤྲོད་ཕྱོགས་ཀྱི་སྒྲིག་གཞི་རང་བཞིན་གྱི་བཅོས་སྒྱུར་གཙོ་གནད་དུ་བཟུང་ནས། གསར་སྤེལ་ཡར་བརྩོན་དང་དངོས་འཛིན་དངོས་སྒྲུབ་བྱས་ནས། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ཡར་སྐུལ་བྱེད་པར་རྒྱབ་རྟེན་གྱི་ནུས་པ་གལ་ཆེན་བཏོན་ཡོད་ཟེར།

ལིས་ཁི་ཆང་གིས་བཤད་རྒྱུར། ད་ལོར་དཔལ་འབྱོར་འཕེལ་རྒྱས་མུ་མཐུད་ནས་བརྟན་འཇགས་ཁྲོད་བཟང་ཕྱོགས་སུ་འཕེལ་བ་དང་། སྒྲིག་གཞི་ལེགས་སྒྲིག་རྒྱུན་ཆད་མེད་པར་གཏིང་ཟབ་ཏུ་སོང་ལ། འཕེལ་རྒྱས་ཀྱི་སྤུས་ཚད་དང་ཕན་འབྲས་ཇེ་མཐོར་སོང་། གྲུབ་འབྲས་འདི་དག་ནི་ཐོབ་ཧ་ཅང་དཀའ་བས་ལྡབ་འགྱུར་གྱིས་གཅེས་སྤྲས་བྱེད་དགོས། འབྲེལ་ཡོད་ཕྱོགས་ཀྱིས་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་འགོ་ཁྲིད་བརྟན་པོའི་འོག ལྷོད་གཡེང་གཏན་ནས་མི་བྱེད་པར་མུ་མཐུད་འབད་བརྩོན་ཆེན་པོས་དཔལ་འབྱོར་བཟང་ཕྱོགས་སུ་འཕེལ་བའི་རྣམ་པ་སྲ་བརྟན་དུ་བཏང་ནས། ཁྱད་དུ་འཕགས་པའི་གྲུབ་འབྲས་ཀྱིས་ཏང་གི་ཚོགས་ཆེན་བཅུ་དགུ་པ་རྒྱལ་ཁའི་ངང་བསྡུ་བར་བསུ་མ་བྱེད་དགོས་ཟེར།

མཱ་ཁའེ་དང་དབྱང་ཅིན། ཝན་ཀང་བཅས་རྟོག་ཞིབ་ལ་ཞུགས།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།