ཀྲུང་གོ་བོད་ཀྱི་དྲ་བ།

ལི་ཁི་ཆང་གིས་ཨ་མེ་རི་ཁའི་མགྲོན་པོར་མཇལ་འཕྲད་གནང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-08-02
ཡིག་གཟུགས། :ཆུང་། འབྲིང་། ཆེ།

1121416273_15015984141111n.jpg

ཚེས་གཅིག་ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁི་ཆང་གིས་ཀྲུང་ནན་ཧེ་ཙི་ཀུང་ཀི་ནས་ཨ་མེ་རི་ཁའི་མུས་ཞའེ་ཀིན་ཀྲིག་གི་ཀྲིག་ཀྲང་སི་ནེ་ཏི་ལ་མཇལ་འཕྲད་གནང་།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁི་ཆང་གིས་ཚེས་གཅིག་ཉིན་ཀྲུང་ནན་ཧེ་ཙི་ཀུང་ཀི་ནས་ཨ་མེ་རི་ཁའི་མུས་ཞའེ་ཀིན་ཀྲིག་གི་ཀྲིག་ཀྲང་སི་ནེ་ཏི་ལ་མཇལ་འཕྲད་གནང་། ལི་ཁི་ཆང་གིས་བསྟན་དོན། ཀྲུང་གོ་དང་ཨ་མེ་རི་ཁ་གཉིས་ནི་སོ་སོར་འཛམ་གླིང་སྟེང་གི་ཆེས་ཆེ་བའི་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་དང་འཕེལ་རྒྱས་ཀྱི་རྒྱལ་ཁབ་ཆེན་པོ་གཉིས་ཡིན་པས། ཐུན་མོང་གི་ཁེ་ཕན་དེ་འགལ་བ་ལས་གལ་ཆེན་པོ་འདུག ད་ལོའི་ཚུན་ལ་རྒྱལ་ཁབ་གཉིས་ཀྱི་མགོ་གཙོས་རྒྱལ་ཁའི་ངང་གྲོས་མོལ་ཐེངས་གཉིས་ལ་བྱས་པ་དང་ཕྱོགས་གཉིས་ཀྱི་རིམ་པ་སོ་སོའི་བར་གྲོས་མོལ་དང་བརྗེ་རེས་སྤེལ་བ་རེད། ཀྲུང་གོ་ཕྱོགས་ཀྱིས་ཨ་མེ་རི་ཁ་ཕྱོགས་དང་མཉམ་དུ་ཕན་ཚུན་བར་གྱི་རྒྱུས་ལོན་དང་ཡིད་ཆེས་ལ་རྒྱུན་ཆད་མེད་པར་སྐུལ་འདེད་གཏོང་བ་དང་། ཁྱབ་ཁོངས་གལ་ཆེན་གྱི་དངོས་གཉེར་མཉམ་ལས་གཏིང་ཟབ་ཏུ་སྤེལ་ཏེ། ཀྲུང་གོ་དང་ཨ་མེ་རི་ཁའི་འབྲེལ་བ་བདེ་ཐང་གཏན་འཇགས་ངང་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་འདོད་ཡོད་ཟེར།

ལི་ཁི་ཆང་གིས་བསྟན་དོན། ཀྲུང་གོ་དང་ཨ་མེ་རི་ཁའི་ས་གནས་བར་གྱི་བརྗེ་རེས་མཉམ་ལས་འཕེལ་རྒྱས་སུ་འགྲོ་བཞིན་ཡོད་པ་དེ་ནི་ཐུན་མོང་གི་ཁེ་ཕན་རྒྱ་བསྐྱེད་པར་ཕན་པ་ཡོད་པར་མ་ཟད། རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་ཁྱོན་ཡོངས་ནས་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་བར་ཡང་ཕན་པ་ཡོད། མུས་ཞའེ་ཀིན་ཀྲིག་དང་བཅས་པའི་ཨ་མེ་རི་ཁའི་ཀྲིག་སོ་སོས་ཀྲུང་གོའི་ས་གནས་ཀྱི་ཞིང་ཆེན་དང་གྲོང་ཁྱེར་བར་གྱི་བརྗེ་རེས་ཇེ་དམ་དུ་བཏང་ནས། དཔལ་འབྱོར་ཉོ་ཚོང་དང་དངུལ་གཏོང་། བཟོ་སྐྲུན་ལས་རིགས། གསར་སྐྲུན་གསར་གཏོད་སོགས་ཐད་ཀྱི་མཉམ་ལས་གཏིང་ཟབ་ཏུ་སྤེལ་བར་དགའ་བསུ་ཞུ་བཞིན་ཡོད་ཟེར།

སི་ནེ་ཏི་ཡིས་བསྟན་དོན། ཨ་མེ་རི་ཁ་དང་ཀྲུང་གོའི་འབྲེལ་བའི་མཉམ་ལས་མཉམ་རྒྱལ་ཁྲོད་དུ་མུས་ཞའེ་ཀྲིག་ལ་ཁེ་ཕན་མང་པོ་ཐོབ་བཞིན་ཡོད་པ་དང་། སྔར་ལས་ལྷག་པའི་སྒོ་ནས་ཁྱབ་ཁོངས་སོ་སོའི་གྲོས་མོལ་དང་མཉམ་ལས་འཕེལ་རྒྱས་སུ་གཏོང་བར་རེ་སྒུག་བྱེད་བཞིན་ཡོད་ལ། འདི་དག་ཡོད་ཚད་ཀྱིས་ཨ་མེ་རི་ཁ་དང་ཀྲུང་གོའི་བར་གྱི་རྒྱུས་ལོན་དང་འབྲེལ་བ་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་རང་བཞིན་གྱི་ཕན་ནུས་ཐོན་པར་ཡིད་ཆེས་ཡོད་ཟེར།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།