ཀྲུང་གོ་བོད་ཀྱི་དྲ་བ།

ཁོར་ཡུག་སྲུང་སྐྱོབ་པུའུ་སོགས་སྡེ་ཁག་བདུན་གྱིས་རང་བྱུང་སྲུང་སྐྱོབ་ཁུལ་གྱི་ཁྲིམས་འགལ་བྱ་སྤྱོད་ལ་རྡུང་རྡེག་བྱེད་རྒྱུ་རེད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-08-07
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཁོར་ཡུག་སྲུང་སྐྱོབ་པུའུ་དང་རྒྱལ་ཁབ་མངའ་ཁོངས་ཐོན་ཁུངས་པུའུ།ཆུ་བེད་པུའུ།ཞིང་ལས་པུའུ།རྒྱལ་ཁབ་ནགས་ལས་ཅུས།ཀྲུང་གོ་ཚན་རིག་གླིང་དང་རྒྱལ་ཁབ་རྒྱ་མཚོ་ཅུས་སོགས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་སྡེ་ཁག་བདུན་གྱིས་ཟླ7པའི་ཟླ་དཀྱིལ་ནས་ད་ལོའི་ལོ་མཇུག་བར་མཉམ་འབྲེལ་སྒོས“ལུའི་ཏུང2017”རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོབ་ཁུལ་ལ་ལྟ་སྐུལ་ཞིབ་བཤེར་བྱེད་པའི་ཆེད་དམིགས་བྱ་འགུལ(གཤམ་དུ“ལུའི་ཏུང2017”ཞེས་བསྡུས་ཡོད)སྤེལ་ཏེ།རང་བྱུང་སྲུང་སྐྱོབ་ཁུལ་དང་འབྲེལ་བའི་ཁྲིམས་འགལ་སྒྲིག་འགལ་བྱ་སྤྱོད་སྣ་ཚོགས་ལ་རྡུང་རྡེག་ནན་མོ་གཏོང་རྒྱུ་རེད།སྡེ་ཁག་བདུན་གྱིས་ཀྲུང་དབྱང་གིས་ཁོར་ཡུག་སྲུང་སྐྱོབ་ལ་ལྟ་ཞིབ་བྱེད་སྐབས་ཤེས་པའི་གནད་དོན་ལེགས་བཅོས་བྱས་པའི་གནས་ཚུལ་དེ་ཞིབ་བཤེར་གཙོ་གནད་དུ་འཇོག་རྒྱུའི་བླང་བྱ་བཏོན།

ཀན་སུའུ་མདོ་ལ་རིང་མོའི་སྐྱེ་ཁམས་ཁོར་ཡུག་ལ་གཏོར་བརླག་ཐེབས་པའི་གནད་དོན་དེ་ཀྲུང་དབྱང་ཁོར་ཡུག་སྲུང་སྐྱོབ་ལྟ་ཞིབ་ཚན་ཆུང་གིས་ཤེས་པར་མ་ཟད་སྤྱི་བསྒྲགས་བྱས་མ་ཐག་སྤྱི་ཚོགས་སྟེང་ཚུར་སྣང་དྲག་པོ་བྱུང་།

ཁོར་ཡུག་སྲུང་སྐྱོབ་པུའུ་ཡིས་བསྒྲགས་པ་ལྟར་ན།ད་ལོའི་ཟླ6པར།རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་ལས་ཁང་གིས་ཆེད་དུ་ཀན་སུའུ་མདོ་ལ་རིང་མོ་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོབ་ཁུལ་གྱི་སྐྱེ་ཁམས་ཁོར་ཡུག་ལ་གཏོར་བརླགས་ཐེབས་པའི་གནད་དོན་ཐད་ནས་བརྡ་ཁྱབ་སྤེལ་བས།མཐོང་ཆེན་བྱེད་པའི་ཚད་དང་ཆད་པ་བཅད་པའི་ཚད།ཚུར་སྣང་བྱུང་བའི་ཚད།ཤུགས་རྐྱེན་ཐེབས་པའི་ཚད་བཅས་ནི་ལོ་རྒྱུས་རང་བཞིན་དང་མཚོན་རྟགས་རང་བཞིན་ལྡན་པ་རེད། ཁོར་ཡུག་སྲུང་སྐྱོབ་པུའུ་ཡིས་བཤད་རྒྱུར། “ལུའི་ཏུང2017”ནི་ཀན་སུའུ་མདོ་ལ་རིང་མོའི་སྐྱེ་ཁམས་ཁོར་ཡུག་གནད་དོན་གྱི་བསླབ་བྱ་བསྡུ་ལེན་བྱས་ཏེ།རང་བྱུང་སྲུང་སྐྱོབ་ཁུལ་དང་འབྲེལ་བའི་ཁྲིམས་འགལ་སྒྲིག་འགལ་བྱ་སྤྱོད་སྣ་ཚོགས་ལ་རྡུང་རྡེག་གཏོང་རྒྱུའི་ཆེད་དུ་ཡིན།

ཁོར་ཡུག་སྲུང་སྐྱོབ་པུའུ་ཡིས་མཚམས་སྦྱོར་བྱས་པ་ལྟར་ན།“ལུའི་ཏུང2017”གྱིས་རྒྱལ་ཡོངས་ཀྱི་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོབ་ཁུལ446གི་ཁྲོད་དུ་གནས་པའི་གནད་དོན་ལ་ཁྱོན་ཡོངས་ནས་ཞིབ་བཤེར་བྱས་ཏེ།རང་བྱུང་སྲུང་སྐྱོབ་ཁུལ་གྱི་ཁྲིམས་འགལ་སྒྲིག་འགལ་བྱ་འགུལ་སྣ་ཚོགས་རྩད་གཅོད་ནན་མོ་བྱེད་རྒྱུ་རེད།

དེའི་ནང་དུ་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོབ་ཁུལ་གྱི་ཁྲིམས་འགལ་སྒྲིག་འགལ་གྱི་གནད་དོན་ལ་རྩད་ཞིབ་བྱེད་པ་འདུས། གཙོ་བོ་གཏེར་ཁ་སྔོག་འདོན་དང་བྱེ་མ་འདྲུད་པ།བཟོ་གཏེར་ཁེ་ལས་དང་སྲུང་སྐྱོབ་ཁུལ་གྱི་དཀྱིལ་སྙིང་ཁུལ་དང་བར་ཁུལ་དུ་ཡུལ་སྐོར་གསར་སྤེལ་བྱེད་པ།ཆུ་གློག་གསར་སྤེལ་བྱེད་པ་སོགས་ཀྱི་སྐྱེ་ཁམས་ཁོར་ཡུག་ལ་ཤུགས་རྐྱེན་ཅུང་ཆེ་བའི་བྱ་འགུལ་ལ་ཞིབ་བཤེར་བྱེད་རྒྱུ་རེད།དེ་དང་མཉམ་དུ་ད་རུང་གནད་དོན་ཡོད་པ་ཤེས་ཏེ་ལེགས་བཅོས་བྱས་པའི་གནས་ཚུལ་ལ་ལྟ་སྐུལ་ཞིབ་བཤེར་བྱེད་རྒྱུ་དང་།རིམ་པ་རེ་རེ་བཞིན་རང་བྱུང་སྲུང་སྐྱོབ་ཁུལ་ལ་ལྟ་སྐུལ་ཞིབ་བཤེར་བྱས་པ་ལས་ཤེས་པའི་གནད་དོན་ལེགས་བཅོས་བྱས་པའི་གནས་ཚུལ་ལ་བརྒྱུད་རིམ་ལྡན་པའི་སྒོ་ནས་གསེད་གྲོལ་བྱས་ཏེ།དེ་ལེགས་བཅོས་བྱས་ཚད་དང་ལེགས་བཅོས་བྱས་པའི་ཕན་འབྲས།འགན་འཁྲི་རྩད་གཅོད་བྱས་པའི་གནས་ཚུལ་བཅས་ལ་ཞིབ་བཤེར་བྱེད་རྒྱུ་རེད། །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།