​ཀན་སུའུ་ཞིང་ཆེན་ལུང་ནན་མེ་སྐྱོན་འགོག་གསོད་རུ་ཁག་གཟི་ཚ་སྡེ་དགུ་རྫོང་གཙང་རྩ་གྲོང་རྡལ་དུ་འབྱོར་ཏེ་མྱུར་སྐྱོབ་ལས་དོན་སྤེལ་འགོ་བརྩམས་པ།

༡.jpg

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཟླ8ཚེས9ཉིན། ཀན་སུའུ་མེ་སྐྱོན་འགོག་གསོད་ལུང་ནན་ཡན་ལག་རུ་ཁག་གིས་རླངས་འཁོར7དང་མི40མངག་གཏོང་བྱས་ནས་གཟི་ཚ་སྡེ་དགུ་རྗོང་གཙང་རྩ་གྲོང་རྡལ་དུ་འབྱོར་པ་དང་། ཆུ་ཚོད12དང་སྐར་མ10ཐོག་མི་བཅུ་རེ་ཚོགས་ཆུང་རེ་གྲུབ་པའི་འཕྲལ་སྒྲུབ་རུ་ཁག་གཉིས་གཙང་རྩ་གྲོང་རྡལ་དུ་རི་ལྡེབས་མཚམས་མ་ཆད་པར་ཉིལ་བའི་ཉེན་ཁར་མ་འཛེམས་པར་མགྱོགས་མྱུར་ངང་ཉེན་ཁའི་འོག་ཚུད་མཁན་མང་བའི་གྲོང་སྡེར་བསྐྱོད་དེ་མྱུར་སྐྱོབ་བྱེད་བཞིན་ཡོད་པ་དང་། མི་གཞན་དག་ཁག་དེ་གཙང་རྩ་གྲོང་རྡལ་གྱི་ཧྲང་སི་ཀྲའེ་གྲོང་ཚོར་ཟབ་འཇུག་བྱས་ཏེ་སྦྲུལ་མིག་འཚོལ་ཞིབ་འཕྲུལ་ཆས་དང་ལེ་ཏ་གསོན་པོ་འཚོལ་ཆས་དང་། རོགས་སྐྱོབ་འཁྱོག་ཁྲི། ཐག་པ། གཏོར་བཤིག་ཡོ་ཆས་བཅས་བེད་སྤྱད་ནས་ཡོམ་ཐེབས་གྲོང་ཚོར་བསྐྱོད་དེ་འཚོལ་སྐྱོབ་ལས་ཀ་བྱེད་བཞིན་ཡོད་པ་མ་ཟད། དུས་མཚུངས་སུ་གྲོང་མི་རྣམས་ལ་དངོས་རྫས་དང་འཚོ་བའི་མཁོ་ཆས་སྤོ་འདྲེན་བྱེད་རོགས་ཀྱང་བྱེད་བཞིན་ཡོད་པ་རེད།

༢.jpg

༣.jpg

༤.jpg

༥.jpg

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།

དཔྱད་མཆན 0 ཡོད།