ཀྲུང་གོ་བོད་ཀྱི་དྲ་བ།

ཀྲུང་དབྱང་འཐུས་ཚབ་ཚོགས་པ་ནང་སོག་དང་བྲལ་ནས་ཕྱིར་པེ་ཅིན་ལ་སོང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-08-12
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཡུས་ཀྲིན་ཧྲིན་ཚོགས་གཙོ་ཡིན་པའི་ཀྲུང་དབྱང་འཐུས་ཚབ་ཚོགས་པ་ནང་སོག་རང་སྐྱོང་ལྗོངས་བཙུགས་ནས་ལོ་བདུན་ཅུ་ལོན་པར་རྟེན་འབྲེལ་ཞུ་བའི་བྱ་འགུལ་ལ་ཞུགས་པ་དང་། ནང་སོག་གི་རིགས་སོ་སོའི་ལས་བྱེད་པ་དང་མང་ཚོགས་ལ་འཚམས་འདྲི་བྱས་ཤིང་། ས་དེའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གནས་ཚུལ་ལ་རྟོག་ཞིབ་བྱས་རྗེས། ཚེས་བཅུ་གཅིག་ཉིན་གྱི་དགོང་མོར་ནང་སོག་གི་ས་ཆ་མང་པོ་ནས་གནམ་གྲུར་བསྡད་དེ་ཕྱིར་པེ་ཅིན་ལ་སོང་།  །

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།