ཀྲུང་གོ་བོད་ཀྱི་དྲ་བ།

ཀྲང་ཀའོ་ལིས་ཀྱིས་ཁོ་ཝེ་ཐི་དང་སོ་ཏི་ཨ་རབ། སུའུ་ཏན། ན་སྨི་པི་ཡ་བཅས་ལ་འཚམས་འདྲི་བྱེད་རྒྱུ་མ་ཟད་ཀྲུང་གོ་དང་སོ་ཏི་ཨ་རབ་ཀྱི་མཐོ་རིམ་མཉམ་འབྲེལ་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་གཉིས་པར་འགོ་འཛིན་བྱེད་རྒྱུ་རེད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-08-16
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཁོ་ཝེ་ཐི་རྒྱལ་ཁབ་ཀྱི་དབུ་བཞུགས་བློན་ཆེན་གཞོན་པ་དང་པོའི་ཞོར་དུ་ཕྱི་འབྲེལ་བློན་ཆེན་གྱི་འགན་ཁུར་མཁན་སཱ་པ་ཧི་དང་། སོ་ཏི་ཨ་རབ་ཀྱི་རྒྱལ་རྒྱུད་མུའུ་ཧན་མོ་ཏི། སུའུ་ཏན་གྱི་ཙུང་ཐུང་གཞོན་པ་དང་པོའི་ཞོར་དུ་ཙུང་ལིའི་འགན་ཁུར་མཁན་པ་ཁི་ལེ། ན་སྨི་པི་ཡ་སྲིད་གཞུང་བཅས་ཀྱིས་གདན་དྲངས་པ་ལྟར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཀྲང་ཀའོ་ལིས་ཀྱིས་ཟླ་བརྒྱད་པའི་ཚེས་ཉེར་གཅིག་ཉིན་ནས་ཚེས་ཉེར་དགུ་ཉིན་བར་ཁོ་ཝེ་ཐི་དང་སོ་ཏི་ཨ་རབ། སུའུ་ཏན། ན་སྨི་པི་ཡ་བཅས་ལ་འཚམས་འདྲི་བྱེད་རྒྱུ་ཡིན་པ་མ་ཟད། སོ་ཏི་ཨ་རབ་ནས་འགོ་འཛིན་བྱས་ཏེ་ཀྲུང་གོ་དང་སོ་ཏི་ཨ་རབ་སྲིད་གཞུང་བར་གྱི་མཐོ་རིམ་མཉམ་འབྲེལ་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་གཉིས་པ་བསྡུ་རྒྱུ་རེད། 

རྩོམ་སྒྲིག་པ། : ཀླུ་མོ་མཚོ།