ཀྲུང་གོ་བོད་ཀྱི་དྲ་བ།

སྡེ་ཚན་གསུམ་གྱིས་སྤྱི་ཚོགས་འགན་བཅོལ་གྱི་དབུལ་སྐྱོར་བསམ་འཆར་བཏོན་ནས་གནད་སྨིན་དབུལ་སྒྲོལ་ལ་སྐུལ་འདེད་ཤུགས་ཆེན་བཏང་བ།

ཡོང་ཁུངས། : མི་དམངས་ཉིན་རེའི་ཚགས་པར།     སྤེལ་དུས། : 2017-08-16
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། སྤྱི་ཚོགས་འགན་བཅོལ་ནང་ཞུགས་ནས་གྲོན་དངུལ་འཇལ་བའི་ཁུར་པོ་ཡང་དུ་གཏོང་བ་དང་། སྨན་བཅོས་འགྲོ་གྲོན་ཆུ་ཚད་དམའ་རུ་གཏོང་བ། སྤྱི་ཚོགས་འགན་བཅོལ་གྱི་གཟིགས་སྐྱོང་ཆུ་ཚད་མཐོ་རུ་གཏོང་བ་སོགས་ཐད། གསར་འགོད་པས་ནོར་སྲིད་པུའུ་ནས་ཤེས་རྟོགས་བྱུང་བ་ལྟར་ན། ཚེས14ཉིན་སྡེ་ཚན་གསུམ་གྱིས་སྤྱི་ཚོགས་འགན་བཅོལ་གྱི་དབུལ་སྐྱོར་ལས་ཀའི་བསམ་འཆར་བཏོན་པ་དང་བྱ་ཐབས་དངོས་དང་ཞིབ་ཕྲ་རབ་དང་རིམ་པ་བཏོན་ནས་མི་འབོར་དབུལ་པོ་གནད་སྨིན་དབུལ་སྒྲོལ་ཡོང་རྒྱུར་རོགས་རམ་བྱས་པ་རེད།

མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་པུའུ་དང་། ནོར་སྲིད་པུའུ། རྒྱལ་སྲིད་སྤྱི་ཁྱབ་ཁང་དབུལ་སྐྱོར་གཞུང་ལས་ཁང་བཅས་ཀྱིས་མཉམ་འབྲེལ་ཐོག་བཏོན་པའི་བསམ་འཆར་ནང་ཡིག་ཚགས་དང་གཱ་བཟོས་པའི་ཐོག་དབུལ་སྒྲོལ་བྱུང་ལུགས་བཀོད་མེད་པའི་མི་འབོར་དབུལ་པོ་དང་། མ་མཐའི་འཚོ་བ་འགན་ལེན་བྱ་ཡུལ། ཤིན་ཏུ་དབུལ་བའི་མི་སྣ་སོགས་དཀའ་ངལ་ཡོད་པའི་ཚོགས་སྤྱི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཡུལ་མིའི་གཞི་རྩའི་རྒན་གསོ་འགན་བཅོལ་ནང་ཞུགས་ཕྱིན་ས་གནས་སྲིད་གཞུང་གིས་དེ་དག་ལ་རྒན་གསོ་འགན་བཅོལ་གྱི་གྲོན་དངུལ་རིམ་པ་དམའ་ཤོས་ཀྱི་ཆ་ཤས་སམ་ཡང་ན་ཆ་ཚང་ཚབ་འཇལ་བྱེད་དགོས་པ་མ་ཟད་འགྲོ་གྲོན་དམའ་ཤོས་ཀྱི་ཚད་གཞི་མཐོ་རུ་གཏོང་སྐབས་དེ་དག་ལ་ད་ཡོད་ཀྱི་འགྲོ་གྲོན་འཇལ་བའི་ཚད་གཞི་དམའ་ཤོས་སོར་འཇོག་བྱེད་དགོས་པའི་བླང་བྱ་བཏོན་ཡོད།

སྨན་བཅོས་ཐད། བསམ་འཆར་ནང་ས་ཁུལ་ཁག་གིས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཡུལ་མིའི་ནད་ཆེན་འགན་བཅོལ་སྲ་བརྟན་དང་འཐུས་སྒོ་ཚང་དུ་བཏང་ནས་མི་འབོར་དབུལ་པོར་འགྲོ་གྲོན་གྱི་ཐོག་མའི་ཚད་གཞི་དམའ་རུ་གཏོང་བ་དང་སྨན་རིན་རྩིས་ཞུའི་བསྡུར་ཚད་དང་བརྒལ་མི་རུང་བའི་ཚད་གཞི་མཐོ་རུ་གཏོང་བ་སོགས་ཀྱི་གཟིགས་སྐྱོང་སྲིད་ཇུས་ལག་ལེན་བསྟར་བ་བརྒྱུད་གནད་སྨིན་གཏོང་སྤྲོད་སྤྱོད་དགོས། ལས་རྨས་ཀྱི་རྡུལ་གྲིབ་གློ་ནད་ཕོག་པའི་ནད་པར་གཏན་འབེབས་ལྟར་སྨན་བཅོས་བློས་འགེལ་ཆོག་པའི་རྡུལ་གྲིབ་གློ་ནད་བཅོས་པའི་སྨན་རྫས་ལས་རྨས་འགན་བཅོལ་སྨན་རྫས་ཀྱི་གསལ་ཐོའི་ནང་འཇུག་དགོས་པ་དང་སྨན་བཅོས་ཚད་གཞི་དང་མཐུན་པའི་རྡུལ་གྲིབ་གློ་ནད་ཀྱི་སྨན་བཅོས་ལག་རྩལ་དང་བྱ་ཐབས་རྣམས་ལས་རྨས་འགན་བཅོལ་གྱི་ཐེབས་རྩའི་གཏོང་སྤྲོད་ཁྱབ་ཁོངས་ནང་འཇུག་དགོས་ཞེས་བཏོན་ཡོད།

བསམ་འཆར་ནང་མི་འབོར་དབུལ་པོར་གཟིགས་སྐྱོང་འོས་འཚམ་བྱས་པ་མངོན་པ་བྱེད་དགོས་ལ་ཆ་རྐྱེན་འཛོམས་པའི་ས་ཁུལ་གྱིས་ཀྱང་ཐེམ་ཐོའི་ཚད་བཀག་མེད་པར་ཞིང་པའི་གན་རྒྱའི་ལམ་ལུགས་ཀྱི་ལས་མི་དང་གྲོང་ཁྱེར་དང་གྲོང་རྡལ་གྱི་ལས་བཟོའི་ལས་ཤོར་འགན་བཅོལ་སྲིད་ཇུས་གཅིག་གྱུར་བཟོ་དགོས་པའི་བླང་བྱ་བཏོན་ཡོད།

སྲིད་ཇུས་དོན་ཐོག་ཏུ་འཁྱོལ་མིན་ཐད་དྲིལ་བསྒྲགས་ནི་ཧ་ཅང་གལ་འགངས་ཆེན་པོ་རེད། བསམ་འཆར་ནང་ས་གནས་ཁག་གིས་མི་འབོར་དབུལ་པོའི་འགན་ལེན་བྱ་དགོས་རིགས་ཚང་མ་འགན་ལེན་བྱེད་པ་དང་ཁྲིམས་གཏན་འཁེལ་བའི་མི་སྣ་ཡོངས་ལ་ཁྱབ་རྒྱུར་སྐུལ་འདེད་བཏང་སྟེ་མི་འབོར་དབུལ་པོ་དང་ངལ་རྩོལ་ནུས་ཤུགས་དབུལ་པོས་སྤྱི་ཚོགས་འགན་བཅོལ་ནང་ཞུགས་ཡོད་མེད་གཙོ་གནད་ཐོག་མཐིལ་རྟོགས་བྱེད་པ་དང་གོ་བདེ་ཤེས་སླའི་བྱ་ཐབས་ཐོག་ནས་སྲིད་ཇུས་དྲིལ་བསྒྲགས་བྱེད་དགོས། འགྲོ་གྲོན་མང་བ་འཇལ་ན་ཐོབ་ཆ་མང་བ་དང་དུས་ཡུན་རིང་བ་འཇལ་ན་ཕན་པ་ཡུན་རིང་ཐོབ་པའི་ལྕག་སྐུལ་འཆུན་འདོམས་ལམ་སྲོལ་ལ་ཤུགས་སྣོན་བརྒྱབ་སྟེ་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཡུལ་མིར་རང་རྟོགས་ངང་འགན་བཅོལ་ནང་ཞུགས་ནས་འགྲོ་གྲོན་འཇལ་རྒྱུའི་ཁྲིད་སྟོན་བྱེད་དགོས་ཞེས་ནན་བཤད་བྱས་ཡོད།

བསམ་འཆར་ནང་ད་དུང་ས་གནས་ཁག་གིས་ཚན་རིག་དང་མཐུན་པའི་ངང་ས་ཁུལ་དབུལ་པོའི་ད་ཡོད་ཀྱི་སྤྱི་པའི་ཞབས་ཞུའི་ཐོན་ཁུངས་དང་སྤྱི་ཚོགས་འགན་བཅོལ་གྱི་བརྒྱུད་གཉེར་དོ་དམ་ཐོན་ཁུངས་བསྡུ་སྒྲིལ་བྱེད་པ་དང་། སྲིད་གཞུང་གིས་ཞབས་ཞུ་ཉོ་སྒྲུབ་དང་། སྤྱི་ཕན་ལས་གནས་མང་དུ་གཏོང་བ། གན་འཇོག་ལས་བཟོ་གདན་ཞུ་སོགས་ཀྱི་བྱ་ཐབས་སྤྱད་དེ་གཞི་རིམ་གྱི་བརྒྱུད་གཉེར་སྟོབས་ཤུགས་ཧྲག་ཏུ་གཏོང་དགོས་པའི་བླང་བྱ་བཏོན་ཡོད།

བསམ་བློའི་ངོས་འཛིན་དོན་འཁྱོལ་ཡག་པོ་མ་བྱུང་བ་དང་། དབུལ་སྐྱོར་སྲིད་ཇུས་དོན་འཁྱོལ་མ་བྱུང་བ། སྲིད་གཙང་ཉེན་ཁའི་དོགས་ཟོན་བྱ་ཤུགས་མི་འདང་བ་བཅས་ཀྱི་ས་ཁུལ་དང་ཚན་པར་སྡེ་ཚན་གསུམ་གྱིས་སྐྱོན་བརྗོད་བརྡ་ཁྱབ་གཏོང་རྒྱུ་མ་ཟད་དུས་ཐོག་ཏུ་ཡོ་བསྲང་བྱེད་དགོས་པའི་འགན་ཡང་དཀྲི་རྒྱུ་ཡིན་པ་རེད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།