ཀྲུང་གོ་བོད་ཀྱི་དྲ་བ།

རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཕྱི་དངུལ་འཕར་སྣོན་ཡོང་ཐབས་ལ་སྐུལ་འདེད་གཏོང་ཐབས་སྐོར་གྱི་བྱེད་ཕྱོགས་དུ་མ་ཞེས་པའི་བརྡ་ཐོ་དཔར་ནས་བཀྲམ།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-08-17
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཙུང་ལི་ལིས་ཁི་ཆང་གི་མཆན་བཀོད་མངགས་བཅོལ་ལྟར་དུ། ཉེ་ལམ་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཕྱི་དངུལ་འཕར་སྣོན་ཡོང་ཐབས་ལ་སྐུལ་འདེད་གཏོང་ཐབས་སྐོར་གྱི་བྱེད་ཕྱོགས་དུ་མ་ཞེས་པའི་བརྡ་ཐོ་དཔར་ནས་བཀྲམ། བརྡ་ཐོས་ཕྱོགས་ལྔའི་ཐད་ནས་ཕྱི་དངུལ་འཕར་སྣོན་ཡོང་ཐབས་ཀྱི་སྲིད་ཇུས་བྱེད་ཕྱོགས་བཏོན་ཡོད་དེ། གཅིག་ནི་སྔར་ལས་ལྷག་པའི་སྒོ་ནས་ཕྱི་དངུལ་གྱི་ཚད་བཀག་ཇེ་ཉུང་དུ་གཏོང་དགོས། གཉིས་ནས་ནོར་སྲིད་ཁྲལ་དངུལ་ལ་རྒྱབ་སྐྱོར་བྱེད་པར་སྲིད་ཇུས་ཀྱིས་རྒྱབ་སྐྱོར་བྱེད་དགོས། གསུམ་ནས་རྒྱལ་ཁབ་རིམ་པའི་གསར་སྤེལ་ས་ཁུལ་གྱི་ཕྱོགས་བསྡུས་དངུལ་གཏོང་ཁོར་ཡུག་ཇེ་རྒྱས་ཇེ་ལེགས་སུ་གཏོང་དགོས། བཞི་ནས་འཇོན་ཐང་མི་སྣའི་འགྲོ་འོང་སྟབས་བདེ་ཅན་དུ་གཏོང་དགོས། ལྔ་ནས་ཉོ་ཚོང་ཁོར་ཡུག་ལ་ལེགས་བཅོས་གཏོང་རྒྱུ་བཅས་རེད།

བརྡ་ཐོ་ལས་བླང་བྱ་བཏོན་དོན། ས་གནས་དང་སྡེ་ཁག་སོ་སོས་གནས་བབ་གསར་བའི་འོག་གི་ཕྱི་དངུལ་བྱ་བར་མཐོང་ཆེན་བླ་མེད་བྱས་ཏེ། འགན་ནུས་ལས་བགོས་ལྟར་དུ། རང་རྟོགས་རང་སྤེལ་དང་གཞོགས་འདེགས་དམ་ཟབ་བྱེད་དགོས། ཚོང་དོན་སྡེ་ཁག་གིས་འབྲེལ་ཡོད་སྡེ་ཁག་གི་ལྟ་སྐུལ་ཞིབ་བཤེར་བྱེད་ཤུགས་ཇེ་དྲག་ཏུ་བཏང་ནས། ལས་རིམ་ཁག་སོ་སོ་དངོས་འབེབས་དོན་འཁྱོལ་ཡོང་བར་འགན་སྲུང་བྱེད་དགོས་ཟེར། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།