ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕིང་གིས་མཚོ་བོད་མཐོ་སྒང་གི་ཕྱོགས་བསྡུས་ཚན་རིག་བརྟག་དཔྱད་ཞིབ་འཇུག་ཐེངས་གཉིས་པ་མགོ་བརྩམས་པར་རྟེན་འབྲེལ་ཞུ་བའི་འཕྲིན་ཡིག་བཏང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-08-20
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། མཚོ་བོད་མཐོ་སྒང་གི་ཕྱོགས་བསྡུས་ཚན་རིག་བརྟག་དཔྱད་ཞིབ་འཇུག་ཐེངས་གཉིས་པ་ཚེས་བཅུ་དགུ་ཉིན་ལྷ་ས་ནས་མགོ་བརྩམས། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་འཕྲིན་ཡིག་བཏང་སྟེ་རྟེན་འབྲེལ་ཞུས་ནས། ཚན་རིག་བརྟག་དཔྱད་བྱ་བར་ཞུགས་པའི་ཚན་རིག་ཞིབ་འཇུག་མི་སྣ་དང་ན་གཞོན་སློབ་མ། འགན་སྲུང་མི་སྣ་བཅས་ཡོངས་ལས་སྤྲོ་སེམས་འཁོལ་བའི་རྟེན་འབྲེལ་དང་ལྷག་བསམ་རྣམ་དག་གིས་འཚམས་འདྲི་ཞུས།

ཞི་ཅིན་ཕིང་གིས་རྟེན་འབྲེལ་ཞུ་བའི་འཕྲིན་ཡིག་ནང་བཤད་རྒྱུར། མཚོ་བོད་མཐོ་སྒང་ནི་འཛམ་གླིང་གི་ཡང་རྩེ་དང་ཨེ་ཤ་ཡའི་ཆུ་མཛོད་ཡིན་ལ། སའི་གོ་ལའི་གླིང་སྣེ་གསུམ་པ་ཡིན་པར་མ་ཟད། རང་རྒྱལ་གྱི་སྐྱེ་ཁམས་བདེ་འཇགས་ཀྱི་ལྕགས་རི་དང་འཐབ་ཇུས་ཐོན་ཁུངས་གསོག་འཇོག་བྱེད་སའི་རྟེན་གཞི་ཡིན་ལ། ཀྲུང་ཧྭའི་མི་རིགས་ཁྱད་ཆོས་ཀྱི་རིག་གནས་སྲུང་སྐྱོབ་བྱེད་ས་གལ་ཆེན་ཡང་ཡིན། ཐེངས་འདིའི་ཚན་རིག་བརྟག་དཔྱད་ཞིབ་འཇུག་བྱ་བ་སྒྲུབ་པའི་དམིགས་ཡུལ་ནི་མཚོ་བོད་མཐོ་སྒང་གི་ཁོར་ཡུག་འགྱུར་ལྡོག་གི་རྒྱུ་རྐྱེན་ཕྱིར་ངོམ་པར་བྱེད་པ་དང་། སྐྱེ་ཁམས་བདེ་འཇགས་ལྕགས་རི་མ་ལག་ཇེ་ལེགས་སུ་གཏོང་རྒྱུ་དེ་ཡིན་ལ། དེ་མཚོ་བོད་མཐོ་སྒང་རྒྱུན་མཐུད་སྒོས་འཕེལ་རྒྱས་སུ་གཏོང་བ་དང་། རྒྱལ་ཁབ་ཀྱི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ། འཛམ་གླིང་ཡོངས་ཀྱི་སྐྱེ་ཁམས་ལ་སྲུང་སྐྱོབ་བྱེད་པར་སྐུལ་འདེད་གཏོང་བ་བཅས་ཐད་ལ་ཤན་ཤུགས་ཧ་ཅང་གལ་ཆེན་ལྡན་ཟེར།

ཞི་ཅིན་ཕིང་གིས་ཚན་རིག་བརྟག་དཔྱད་ཞིབ་འཇུག་བྱ་བར་ཞུགས་པའི་ཚན་རིག་ཞིབ་འཇུག་ཆེད་མཁས་པ་དང་། ན་གཞོན་སློབ་མ། འགན་སྲུང་མི་སྣ་བཅས་ཀྱིས་རྒན་རབས་པའི་ཚན་རིག་པའི་དཀའ་སྤྱད་འབད་འཐབ་དང་མཐུན་སྒྲིལ་བརྩོན་ལེན། སྤོབས་པ་ཆེན་པོས་ཡང་རྩེར་འགོ་བའི་སྙིང་སྟོབས་འདོན་སྤེལ་བྱས་ནས། ཆུ་དང་སྐྱེ་ཁམས། མི་རིགས་ཀྱི་བྱ་འགུལ་བཅས་ལ་དམིགས་ཏེ། སྟོབས་ཤུགས་ཡོད་རྒུས་མཚོ་བོད་མཐོ་སྒང་གི་ཐོན་ཁུངས་ཁོར་ཡུག་གི་ཐེག་ཤུགས་དང་གནོད་འཚེ། ཉེན་ཁ། ལྗང་མདོག་འཕེལ་རྒྱས་ཀྱི་བགྲོད་ལམ་བཅས་ཀྱི་གནད་དོན་ཐག་གཅོད་བྱས་ནས། འཛམ་གླིང་སྟེང་གི་ཆེས་མཐའ་མཇུག་གི་དག་གཙང་གནས་མཆོག་ལ་སྲུང་སྐྱོབ་བྱེད་པ་དང་། མཛེས་སྡུག་གི་མཚོ་བོད་མཐོ་སྒང་འཛུགས་སྐྲུན་བྱེད་པར་བྱས་རྗེས་གསར་བ་འཇོག་དགོས་ལ། མཚོ་བོད་མཐོ་སྒང་གི་རིགས་སོ་སོའི་མང་ཚོགས་ཀྱི་འཚོ་བ་སྔར་ལས་བདེ་སྐྱིད་ཡོང་བར་བྱེད་དགོས་པའི་རེ་བ་བཏོན།  །

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།