ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕིང་གིས་ཀྲུང་གོ་རྒྱལ་སྤྱིའི་འཕེལ་རྒྱས་ཤེས་བྱ་ལྟེ་གནས་མགོ་རྩོམ་པའི་མཛད་སྒོ་དང་ཀྲུང་གོའི་2030ལོའི་བར་གྱི་རྒྱུན་མཐུད་འཕེལ་རྒྱས་གྲོས་རིམ་ལག་བསྟར་བྱེད་པའི་སྙན་ཞུ་འགྲེམ་སྤེལ་ཚོགས་འདུའི་སྟེང་རྟེན་འབྲེལ་ཞུ་བའི་འཕྲིན་ཡིག་བཏང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-08-22
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།   ཀྲུང་གོ་རྒྱལ་སྤྱིའི་འཕེལ་རྒྱས་ཤེས་བྱ་ལྟེ་གནས་མགོ་རྩོམ་པའི་མཛད་སྒོ་དང་ཀྲུང་གོའི་2030ལོའི་བར་གྱི་རྒྱུན་མཐུད་འཕེལ་རྒྱས་གྲོས་རིམ་ལག་བསྟར་བྱེད་པའི་སྙན་ཞུ་འགྲེམ་སྤེལ་ཚོགས་འདུ་ཟླ་བརྒྱད་པའི་ཚེས་ཉེར་གཅིག་ཉིན་པེ་ཅིན་ནས་བསྡུས། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་རྟེན་འབྲེལ་ཞུ་བའི་འཕྲིན་ཡིག་བཏང་།

ཞི་ཅིན་ཕིང་གིས་བཤད་རྒྱུར། རྒྱུན་མཐུད་འཕེལ་རྒྱས་གྲོས་རིམ་ལག་བསྟར་བྱེད་པ་ནི་དེང་སྐབས་རྒྱལ་སྤྱིའི་འཕེལ་རྒྱས་མཉམ་ལས་བྱེད་པའི་ཐུན་མོང་གི་ལས་འགན་ཡིན་ལ། རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་ཐུན་མོང་གི་འགན་འཁྲི་ཡང་ཡིན། ཀྲུང་གོ་སྲིད་གཞུང་གིས་གྲོས་རིམ་དེ་ལག་བསྟར་བྱེད་པར་ཧ་ཅང་མཐོང་ཆེན་བྱས་ནས། ཀྲུང་གོས2030ལོའི་བར་གྱི་རྒྱུན་མཐུད་འཕེལ་རྒྱས་གྲོས་རིམ་ལག་བསྟར་བྱེད་པའི་རྒྱལ་ཁབ་ཇུས་གཞི་གཏན་ལ་ཕབ་སྟེ། དཔལ་འབྱོར་དང་སྤྱི་ཚོགས། ཁོར་ཡུག་བཅས་ཁྱབ་ཁོངས་ཆེན་པོ་གསུམ་ནས་ལག་བསྟར་བྱ་བར་དོ་མཉམ་སྒོས་སྐུལ་འདེད་བཏང་བས། སྔ་མོ་ནས་གྲུབ་འབྲས་མང་པོ་ཐོབ། ཀྲུང་གོས་རྒྱུན་འཁྱོངས་ལྷོད་མེས་སྒོས་རྒྱུན་མཐུད་འཕེལ་རྒྱས་གྲོས་རིམ་ལག་བསྟར་བྱེད་པ་དང་། རྒྱལ་ཁབ་ཀྱི་འཕེལ་རྒྱས་སྔར་ལས་ཆུ་ཚད་མཐོ་ཞིང་སྔར་ལས་ནུས་ཆོད་ལྡན་པ། སྔར་ལས་འདྲ་མཉམ་དང་སྔར་ལས་རྒྱུན་མཐུད་བཅས་ཀྱི་ཕྱོགས་སུ་སྐྱོད་པར་སྐུལ་འདེད་གཏོང་རྒྱུ་ཡིན་ཟེར།

ཞི་ཅིན་ཕིང་གིས་ནན་གྱིས་བཤད་རྒྱུར། ཀྲུང་གོ་རྒྱལ་སྤྱིའི་འཕེལ་རྒྱས་ཤེས་བྱ་ལྟེ་གནས་བཙུགས་པ་ནི2015ལོའི་ཟླ་དགུ་པར་ངས་མཉམ་འབྲེལ་རྒྱལ་ཚོགས་འཕེལ་རྒྱས་ཀྱི་མཐོ་རིམ་གྲོས་ཚོགས་སྟེང་ཁྱབ་སྒྲོག་བྱས་པའི་བྱེད་ཐབས་གལ་ཆེན་ཞིག་ཡིན། ཤེས་བྱ་ལྟེ་གནས་དངོས་སུ་བཙུགས་པར་ང་རང་དགའ་སྤྲོ་ཆེན་པོ་སྐྱེས་པར་མ་ཟད། ལྟེ་གནས་ཀྱིས་འཕེལ་རྒྱས་འདུ་ཤེས་ལ་ཞིབ་འཇུག་དང་བརྗེ་རེས་བྱེད་པ་དང་། རྒྱལ་སྤྱིའི་འཕེལ་རྒྱས་མཉམ་ལས་ལ་སྐུལ་འདེད་གཏོང་བ། འཛམ་གླིང་ཡོངས་ཀྱིས་རྒྱུན་མཐུད་འཕེལ་རྒྱས་གྲོས་རིམ་ལག་བསྟར་བྱེད་པར་སྐུལ་འདེད་གཏོང་བ་བཅས་ཐད་ལ་བྱས་རྗེས་བཟང་བོ་འཇོག་པར་རེ་བ་བྱེད་ཀྱིན་ཡོད་ཟེར།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།