ཀྲུང་གོ་བོད་ཀྱི་དྲ་བ།

ལིས་ཁི་ཆང་གིས་ཚན་རྩལ་པུའུ་ཡི་བྱ་བར་རྟོག་ཞིབ་བྱས་པར་མ་ཟད་མགོ་འཛིན་བྱས་ཏེ་བཞུགས་མོལ་ཚོགས་འདུ་བསྡུས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-08-23
ཡིག་གཟུགས། :ཆུང་། འབྲིང་། ཆེ།

李克强考察科技部1.jpg

ཚེས་ཉེར་གཉིས་ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་ཚན་རྩལ་པུའུ་ཡི་བྱ་བར་རྟོག་ཞིབ་བྱས་པར་མ་ཟད་མགོ་བྱས་ཏེ་བཞུགས་མོལ་ཚོགས་འདུ་བསྡུས། པར་འདི་ནི་ལིས་ཁི་ཆང་གིས་ཚན་རྩལ་པུའུ་ཡི་སྲིད་ཇུས་ཁྲིམས་སྲོལ་ལྟ་སྐུལ་ཁང་ནས་རྟོག་ཞིབ་བྱེད་པའི་ཚུལ་རེད།

李克强考察科技部2.jpg

ཚེས་ཉེར་གཉིས་ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་ཚན་རྩལ་པུའུ་ཡི་བྱ་བར་རྟོག་ཞིབ་བྱས་པར་མ་ཟད་མགོ་འཛིན་བྱས་ཏེ་བཞུགས་མོལ་ཚོགས་འདུ་བསྡུས། པར་འདི་ནི་ལིས་ཁི་ཆང་གིས་ཚན་རྩལ་པུའུ་དཔལ་འབར་ལག་རྩལ་མཐོ་བའི་ཐོན་ལས་གསར་གཏོད་ལྟེ་གནས་སུ་རྟོག་ཞིབ་བྱེད་པའི་ཚུལ་རེད། 
 

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཚེས་ཉེར་གཉིས་ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་ཚན་རྩལ་པུའུ་ཡི་བྱ་བར་རྟོག་ཞིབ་བྱས་པར་མ་ཟད་མགོ་འཛིན་བྱས་ཏེ་བཞུགས་མོལ་ཚོགས་འདུ་བསྡུས།

དཔལ་འབར་ལྟེ་གནས་སུ་འགན་ཁུར་བས་རྒྱལ་ཁབ་ཚན་རྩལ་མཐོ་གསར་ས་ཁུལ་དང་རང་བདག་གསར་གཏོད་དཔེ་སྟོན་ས་ཁུལ་འཛུགས་སྐྲུན་བྱེད་པ་དང་། དམངས་ཀྱིས་བྱ་གཞག་སྐྲུན་པ་དང་ཀུན་གྱིས་གསར་གཏོད་བྱེད་པ་སོགས་ཀྱི་གནས་ཚུལ་མཚམས་སྦྱོར་བྱས། ལིས་ཁི་ཆང་གིས་གསར་གཏོད་ཀྱི་དཔལ་འབར་སྤྱི་ཚོགས་ཡོངས་སུ་ཁྱབ་སྤེལ་བྱེད་པ་དང་། གསར་གཏོད་ཀྱི་གྲུབ་འབྲས་ཀུན་ལ་ཕན་པར་བྱེད་དགོས་ཞེས་བཤད། སྲིད་ཇུས་ཁྲིམས་སྲོལ་ལྟ་སྐུལ་ཁང་ནས་ལིས་ཁི་ཆང་གིས་ཚན་རྩལ་སྒྲིག་གཞི་བཅོས་སྒྱུར་དང་དངོས་འབེབ་བྱེད་པ་དང་། རྒྱལ་ཁབ་ཚན་རྩལ་སྙན་ཞུ་དང་ཚན་རྩལ་དོ་དམ་ཆ་འཕྲིན་མ་ལག་འཛུགས་སྐྲུན་བྱེད་པ་སོགས་ཀྱི་གནས་ཚུལ་ཡར་ཞུ་ལ་ཉན་ཏེ། ཁོས་ཚང་མས་སྤོབས་པ་ཆེན་པོས་བཅོས་སྒྱུར་མཁྲེགས་གཏོར་བྱ་བ་སྒྲུབ་པ་དང་། ཚན་རྩལ་ཆ་འཕྲིན་སྒོ་འབྱེད་དང་མཉམ་སྤྱོད་བྱས་ཏེ། ཚན་རྩལ་ཞིབ་འཇུག་དང་ཁེ་ལས་ལ་ཞབས་ཕྱི་སྔར་ལས་བཟང་བོ་སྒྲུབ་དགོས་པར་སྐུལ་མ་བཏང་།

བཞུགས་མོལ་ཚོགས་འདུའི་སྟེང་། ཚན་རྩལ་པུའུ་ཡི་འགན་ཁུར་བས་བྱ་བའི་ཡར་ཞུ་ཕུལ། ལིས་ཁི་ཆང་གིས་ཚན་རྩལ་འཐབ་ཕྱོགས་ཀྱི་རྒྱ་ཆེའི་ལས་བྱེད་པ་དང་ལས་བཟོ་བས་རྒྱལ་ཁབ་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། དཔལ་འབྱོར་སྒྲིག་གཞིའི་ཚུལ་སྒྱུར་རིམ་སྤོར་ལ་སྐུལ་འདེད་གཏོང་བའི་ཐད་བྱས་རྗེས་ཁྱད་དུ་འཕགས་པ་བཞག་པར་ཁས་ལེན་གང་ལེགས་བྱས། ཁོས་བཤད་རྒྱུར། ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་ཚུན་ལ། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་གསར་གཏོད་ཡར་སྐུལ་འཕེལ་རྒྱས་འཐབ་ཇུས་ལག་བསྟར་བྱེད་པར་ཧུར་ཐག་སྒོས་སྐུལ་འདེད་བཏང་སྟེ། གསར་གཏོད་འཕེལ་རྒྱས་ཐད་ནས་ཚད་བརྒལ་རང་བཞིན་གྱི་གྲུབ་འབྲས་བླངས་ཤིང་། ཚན་རྩལ་འཕེལ་རྒྱས་ཀྱི་རྣམ་པར་འགྱུར་ལྡོག་ཆེན་པོ་བྱུང་སྟེ། དཔལ་འབྱོར་བརྟན་འཇགས་སྒོས་འཕེལ་རྒྱས་སུ་གཏོང་བ་དང་། སྒུལ་ཤུགས་གསར་རྙིང་མྱུར་དུ་བརྗེ་སྤོར་བྱེད་པ། ལས་ཞུགས་རྒྱ་བསྐྱེད་པ་བཅས་ཐད་ནས་ནུས་པ་གལ་ཆེན་འདོན་སྤེལ་བྱས། གནས་བབ་གསར་བའི་འོག འཕེལ་རྒྱས་ཀྱི་འདུ་ཤེས་གསར་བ་ལག་ལེན་མཐར་ཕྱིན་བྱེད་པ་དང་། འདོན་སྤྲོད་ཕྱོགས་ཀྱི་སྒྲིག་གཞི་རང་བཞིན་གྱི་བཅོས་སྒྱུར་ལ་སྐུལ་འདེད་གཏོང་བ། གསར་གཏོད་བྱེད་པ་དེ་འཕེལ་རྒྱས་ཀྱི་སྣེ་ཁྲིད་པའི་སྒུལ་ཤུགས་ཆེན་པོར་བརྩི་དགོས་ལ། རང་རྒྱལ་ཤེས་ལྡན་མི་སྣའི་ཐོན་ཁུངས་ཀྱི་ཁྱད་སྟོབས་འདོན་སྤེལ་བྱེད་པ་དང་། གསར་གཏོད་ནུས་པ་ཇེ་ཆེར་བཏང་སྟེ། གསར་གཏོད་ཅན་གྱི་རྒྱལ་ཁབ་དང་འཛམ་གླིང་གི་ཚན་རྩལ་སྟོབས་ལྡན་རྒྱལ་ཁབ་མྱུར་དུ་འཛུགས་སྐྲུན་བྱེད་དགོས་ཟེར།

ལིས་ཁི་ཆང་གིས་ནན་གྱིས་བཤད་རྒྱུར། འབྲེལ་ཡོད་ལས་ཁུངས་སོ་སོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྒྱལ་ཡོངས་ཚན་རྩལ་གསར་གཏོད་ཆེན་པོའི་ཚོགས་འདུའི་སྟེང་གི་གསུང་བཤད་ཀྱི་དགོངས་དོན་ལག་ལེན་མཐར་ཕྱིན་བྱས་ནས། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རེ་བ་ལྟར། ཚན་རྩལ་སྒྲིག་གཞི་བཅོས་སྒྱུར་གཏིང་ཟབ་ཏུ་སྤེལ་བ་དང་། ཚན་རྩལ་གསར་གཏོད་ཀྱི་སྲིད་ཇུས་སྣ་ཚོགས་དོན་ཐོག་ཏུ་འཁྱོལ་བར་རྒྱབ་སྐྱོར་བྱེད་དགོས།

ལིག་ཡན་ཏུང་དང་དབྱང་ཅིན། བན་ཀང་བཅས་ཀྱིས་མཉམ་དུ་རྟོག་ཞིབ་བྱས། 


རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།