ཀྲུང་གོ་བོད་ཀྱི་དྲ་བ།

ཡུས་ཀྲིན་ཧྲིན་གྱིས་རྒྱལ་སྲིད་སྤྱི་ཁྱབ་ཁང་ཆེད་མཁས་འདྲི་རྩད་ཨུ་ཡོན་ལྷན་ཁང་གི་ཚོགས་ཆེན་འཐུས་མིར་ཐུག་འཕྲད་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-08-23
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།   ཟླ་བརྒྱད་པའི་ཚེས་ཉེར་གཉིས་ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཡུས་ཀྲིན་ཧྲིན་གྱིས་པེ་ཅིན་ནས་རྒྱལ་སྲིད་སྤྱི་ཁྱབ་ཁང་ཕྱི་སྡོད་རང་མིའི་བྱ་བའི་གཞུང་སྒྲུབ་ཁང་གི་ཆེད་མཁས་འདྲི་རྩད་ཨུ་ཡོན་ལྷན་ཁང་གི་ཚོགས་ཆེན་ལ་ཞུགས་པའི་ཚོགས་ཞུགས་འཐུས་མི་ཡོངས་ལ་ཐུག་འཕྲད་བྱས་པར་མ་ཟད་གཏམ་བཤད་གལ་ཆེན་གནང་།

ཡུས་ཀྲིན་ཧྲིན་གྱིས་རྒྱལ་ཁབ་ཕྱི་ནང་དུ་ཡོད་པའི་ཆེད་མཁས་པ་རྣམས་ཀྱིས་དུས་ཡུན་རིང་བོར་ཀྲུང་གོའི་བཅོས་སྒྱུར་སྒོ་འབྱེད་དང་དེང་རབས་ཅན་འཛུགས་སྐྲུན་གྱི་ཐད་ལ་ནུས་པ་གལ་ཆེན་འདོན་སྤེལ་བྱས་པར་ཁས་ལེན་གང་ལེགས་བྱས། ཁོས་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་འདུན་མ་མངོན་འགྱུར་བྱེད་པར་ཤེས་སྟོབས་དང་འཇོན་ནུས་ལ་ཁ་འབྲལ་ཐབས་མེད་ཅིང་། དེང་སྐབས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་འཕེལ་རྒྱས་གསར་བའི་དུས་རིམ་དུ་སླེབས་ཡོད་པས་སྔར་ལས་ལྷག་པའི་སྒོ་ནས་ཤེས་ལྡན་མི་སྣ་དང་གསར་སྐྲུན་ལ་རྒྱབ་རྟེན་བཅོལ་ནས་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་སུ་གཏོང་བར་སྣེ་ཁྲིད་བྱེད་དགོས་ཞེས་བསྟན།

ཡུས་ཀྲིན་ཧྲིན་གྱིས་བསྟན་དོན། རྒྱལ་སྲིད་སྤྱི་ཁྱབ་ཁང་ཕྱི་སྡོད་རང་མིའི་བྱ་བའི་གཞུང་སྒྲུབ་ཁང་གིས་ཆེད་མཁས་འདྲི་རྩད་ཨུ་ཡོན་ལྷན་ཁང་སྒྲིག་འཛུགས་བྱས་པར་དོན་སྙིང་ཆེན་པོ་ལྡན། དེས་རྒྱལ་ཁབ་ཕྱི་ནང་གི་ཆེད་མཁས་པ་ཀྲུང་གོའི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཁྲོད་ཟབ་ཞུགས་བྱས་ནས་རང་ཉིད་ཀྱི་ཤེས་རབ་དང་སྟོབས་ཤུགས་འདོན་སྤེལ་བྱེད་པར་སྟེགས་བུ་གལ་ཆེན་འདོན་སྤྲོད་བྱས་ཡོད་ཟེར། ཁོས་རྒྱལ་ཁབ་ཕྱི་ནང་གི་ཆེད་མཁས་པར་རེ་བ་གསུམ་བཏོན་པ་སྟེ། གཅིག ཤེས་སྟོབས་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ། ཀྲུང་གོའི་བཅོས་སྒྱུར་སྒོ་འབྱེད་དང་དེང་རབས་ཅན་འཛུགས་སྐྲུན་གྱི་མདུན་དུ་ལྷགས་པའི་གནད་དོན་གལ་ཆེན་དང་། ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འཛུགས་སྐྲུན་ལ་རྒྱལ་ཁ་ལེན་པ། གཏིང་ཟབ་མོས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་འཛུགས་སྐྲུན་གྱི་འགན་འཁྲི་གལ་ཆེན་ལག་བསྟར་བྱེད་པ་བཅས་ལ་དམིགས་ཏེ། རྒྱང་ལྟ་རང་བཞིན་དང་ཐབས་ཇུས་རང་བཞིན་ལ་དམིགས་གཏད་རང་བཞིན་གྱིས་ཞིབ་འཇུག་བྱེད་པ་དང་དེར་ཆེད་ལས་རང་བཞིན་དང་འཛུགས་སྐྲུན་རང་བཞིན་གྱི་སྲིད་ཇུས་དང་བསམ་འཆར་བཏོན་ནས། ཚན་རིག་གི་ཐབས་ཇུས་ལ་སྟོབས་དང་ལྡན་པའི་འདེགས་སྐྱོར་གྱི་ནུས་པ་འདོན་སྤྲོད་བྱ་དགོས། གཉིས། དངོས་ཐོག་བདེན་འཚོལ་གྱི་ཚན་རིག་སྙིང་སྟོབས་རྒྱུན་འཁྱོངས་བྱས་ཏེ། འཛམ་གླིང་གི་སྔོན་ཐོན་ཤེས་བྱའི་ལག་རྩལ་དང་ཀྲུང་གོའི་དངོས་ཡོད་གཉིས་ཀྱི་འབྲེལ་གནས་དང་། ཆེད་ལས་ཀྱི་ལེགས་ཆ་དང་སྤྱི་ཚོགས་འཕེལ་རྒྱས་གཉིས་ཀྱི་འབྲེལ་གནས་བཅས་མ་ནོར་བར་བཙལ་ཏེ། གསར་སྐྲུན་དང་ལག་ལེན་ལ་འབད་ནས་སོ་སོའི་ཆེད་ལས་ཀྱི་ཁྱབ་ཁོངས་སུ་སྙིང་སྟོབས་ཆེར་བསྐྱེད་ཀྱིས་འཚོལ་ཞིབ་དང་སྙིང་སྟོབས་ཆེར་བསྐྱེད་ཀྱིས་གསར་སྐྲུན། སྙིང་སྟོབས་ཆེར་བསྐྱེད་ཀྱིས་ལག་ལེན་བཅས་བྱས་ནས་རང་གི་ཡོན་ཏན་གྱིས་སྤྱི་ཚོགས་དང་མི་དམངས་ལ་བདེ་སྐྱིད་བསྐྲུན་དགོས། གསུམ། ཀྲུང་གོ་དང་ཕྱི་རྒྱལ་ལ་སློབ་སྦྱོང་བྱ་རྒྱུར་གོམས་པར་བྱེད་པ་དང་ཀྲུང་གོ་དང་ཕྱི་རྒྱལ་གྱི་ལེགས་ཆ་ལ་བྱང་ཆ་ལྡན་པ། ནང་འདྲེན་ཕྱི་འབྲེལ་དང་སྣེ་ཁྲིད་ཀྱི་ཟམ་ཆེན་བསྐྲུན་ནས་ཀྲུང་གོ་དང་ཕྱི་རྒྱལ་གྱི་ཚན་རྩལ་བརྗེ་རེས་མཉམ་ལས་ལ་ཡར་སྐུལ་དང་སྔར་ལས་མང་པའི་ཕྱི་རྒྱལ་གྱི་ཕུལ་བྱུང་ཤེས་ལྡན་པ་ཀྲུང་གོར་ཡོང་ནས་གསར་སྐྲུན་ལས་གཉེར་གྱི་དུས་མཚུངས་སུ། ཀྲུང་ཧྭའི་ཕུལ་བྱུང་རིག་གནས་རྒྱུན་འཛིན་དང་དར་སྤེལ་བྱས་ཏེ། ཀྲུང་གོའི་མཚན་སྙན་གླིང་ལ་བསྒྲགས་ནས་ཀྲུང་གོ་མི་དམངས་དང་འཛམ་གླིང་གི་རྒྱལ་ཁབ་སོ་སོའི་མི་དམངས་བར་གྱི་མཛའ་མཐུན་འགྲོ་འོང་ལ་སྟོབས་ཤུགས་འབུལ་དགོས།

དབྱང་ཅེ་ཁྲི་ཐུག་འཕྲད་ལ་ཞུགས།


རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།