ཀྲུང་གོ་བོད་ཀྱི་དྲ་བ།

སྲིད་གྲོས་སྐབས་བཅུ་གཉིས་པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་གཉེར་གཉིས་པས་ཚང་འཛོམས་གྲོས་ཚོགས་བསྡུས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-08-30
ཡིག་གཟུགས། :ཆུང་། འབྲིང་། ཆེ།

1121565701_15040146488601n.jpg

ཚེས་ཉེར་དགུའི་ཉིན་གྱི་ཕྱི་དྲོར།  སྲིད་གྲོས་སྐབས་བཅུ་གཉིས་པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་གཉེར་གཉིས་པས་ཚང་འཛོམས་གྲོས་ཚོགས་བསྡུས་པ་དང་། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཡུས་ཀྲིན་ཧྲིན་གྲོས་ཚོགས་ལ་ཞུགས།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  སྲིད་གྲོས་སྐབས་བཅུ་གཉིས་པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་གཉེར་གཉིས་པས་ཚེས་ཉེར་དགུའི་ཉིན་གྱི་ཕྱི་དྲོར་ཚང་འཛོམས་གྲོས་ཚོགས་བསྡུས་པ་དང་། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཡུས་ཀྲིན་ཧྲིན་གྲོས་ཚོགས་ལ་ཞུགས། རྒྱལ་ཡོངས་སྲིད་གྲོས་ཀྱི་རྒྱུན་ལས་ཨུ་ཡོན་དང་ཨུ་ཡོན། ས་གནས་སྲིད་གྲོས་ཀྱི་ཀྲུའུ་ཞི་བཅས་མི་བཅུ་བཞི་ཡིས་གནད་ཕུགས་དབུལ་སྐྱོར་ལག་བསྟར་བྱས་པའི་ཁྲོད་དུ་གནས་པའི་གནད་དོན་དང་གྲོས་གཞི་ལ་དམིགས་ནས་ཚོགས་ཆེན་སྟེང་གཏམ་བཤད། ཚང་མས་གཏམ་བཤད་ཁྲོད་དུ་བསྟན་དོན། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་མགོ་ཁྲིད་བརྟན་པོའི་འོག་ཏུ་དབུལ་ཐར་མཁྲེགས་གཏོར་གྱི་བྱ་བ་བརྟན་བརླང་ངང་མདུན་བསྐྱོད་བྱས་ཏེ་གྲུབ་འབྲས་མངོན་གསལ་བླངས་ཡོད་པ་དང་། མིག་སྔར་དབུལ་ཐར་མཁྲེགས་གཏོར་གྱི་བྱ་བ་ཡོད་ཚད་མ་ལག་འཐུས་ཚང་དང་གཙོ་གནད་འབུར་ཐོན། གཅིག་བསྡུས་མཁྲེགས་གཏོར་བཅས་ཀྱི་དུས་རིམ་གལ་ཆེན་དུ་གནས་ཡོད་པར་འདོད།

ཨུ་ཡོན་ཞུའུ་ཧྲོ་ཧྲི་ཡིས་ཞིང་ལས་ལ་འབྲེལ་བ་ཡོད་པའི་ནོར་སྲིད་མ་དངུལ་ལུགས་མཐུན་དང་ཚད་ལྡན་ངང་བཀོལ་སྤྱོད་བྱེད་པར་སྐུལ་འདེད་གཏོང་བ་དང་། མ་དངུལ་གྱི་བཀོལ་སྤྱོད་ཕན་འབྲས་དང་རྒྱུན་མཐུད་འཕེལ་རྒྱས་མཐོར་འདེགས་སུ་གཏོང་དགོས་པའི་གྲོས་གཞི་བཏོན། རྒྱུན་ལས་ཨུ་ཡོན་ཐེན་ཕེས་དང་ཅང་ཝེ་ཞིན་གཉིས་ཀྱིས་མཉམ་འབྲེལ་གཏམ་བཤད་སྤེལ་ཏེ། ཚན་རིག་དང་མཐུན་པའི་སྒོ་ནས་དབུལ་སྐྱོར་གནས་སྤོར་ལག་བསྟར་བྱེད་པ་དང་། ཁྱོན་ཡོངས་ནས་སྤོར་ཐུབ་པ་དང་གཏན་འཇགས་ཡིན་པ། ཕྱུག་པོར་འགྱུར་ཐུབ་པ་བཅས་ཀྱི་དམིགས་འབེན་རེ་བ་ལག་བསྟར་བྱེད་དགོས་པའི་གྲོས་གཞི་བཏོན། གྲོས་ཚོགས་ནས་ཀྲུང་གུང་ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་གཞོན་པ་ཀྲང་དབྱི་ཅོན་གྱིས་ཕུལ་བའི་མི་དོན་ལས་དོན་སྐོར་གྱི་འབྲེལ་ཡོད་གསལ་བཤད་ལ་ཉན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཁྲིན་ཡོན་གྱིས་གྲོས་ཚོགས་ལ་མགོ་འཛིན་བྱས།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།