ཀྲུང་གོ་བོད་ཀྱི་དྲ་བ།

ལིག་ཡུན་ཧྲན་གྱིས་ཧི་པེ་ཞིང་ཆེན་དུ་རྟོག་ཞིབ་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-09-06
ཡིག་གཟུགས། :ཆུང་། འབྲིང་། ཆེ།

4f4b602577b1b303e85d34d202b2066e.jpg

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི་ལིག་ཡུན་ཧྲན་གྱིས་ཟླ་དགུ་བའི་ཚེས་གསུམ་ཉིན་ནས་ཚེས་བཞི་ཉིན་བར་ཧི་པེ་ཞིང་ཆེན་དུ་རྟོག་ཞིབ་བྱས།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི་ལིག་ཡུན་ཧྲན་གྱིས་ཧི་པེ་ཞིང་ཆེན་དུ་རྟོག་ཞིབ་བྱེད་སྐབས་ནན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཆན་བཀོད་མཛུབ་སྟོན་གལ་ཆེན་ལག་ལེན་མཐར་ཕྱིན་བྱེད་པ་དང་། ཟེ་ཧྭན་པ་སྙིང་སྟོབས་དར་སྤེལ་བྱེད་པ། སློབ་གཉིས་བྱེད་གཅིག་སློབ་སྦྱོང་སློབ་གསོ་རྒྱུན་ལྡན་ཅན་དང་ལམ་ལུགས་ཅན་དུ་བསྒྱུར་ནས། གཞི་རིམ་ཏང་རྩ་འཛུགས་དེ་བརྟན་བརླིང་ཤུགས་ཡོད་ཀྱི་བཙན་རྫོང་དུ་འཛུགས་སྐྲུན་བྱེད་དགོས་ཟེར།

ཟླ་དགུ་བའི་ཚེས་གསུམ་ཉིན་ནས་ཚེས་བཞི་ཉིན་བར། ལིག་ཡུན་ཧྲན་ཟེ་ཧྭན་པ་ནགས་ར་དང་ཁྲིན་ཏི་གྲོང་ཁྱེར་གྱི་ཞིང་སྡེ་རུ་སོང་ནས། ཟེ་ཧྭན་པའི་སྔོན་ཐོན་ལག་རྗེས་ལ་སློབ་སྦྱོང་བྱེད་པ་དང་། གཞི་རིམ་ཏང་འཛུགས་སྐྲུན་བྱ་བར་ཤུགས་སྣོན་པའི་ཐད་ནས་རྟོག་ཞིབ་བྱས། ལིག་ཡུན་ཧྲན་གྱིས་ཧི་པེའི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་དང་ཏང་འཛུགས་སྐྲུན་བྱ་བའི་ཐད་ཀྱི་གྲུབ་འབྲས་ལ་ཁས་ལེན་གང་ལེགས་བྱས་པ་དང་། ལས་དོན་སྣ་ཚོགས་ཐད་ནས་གྲུབ་འབྲས་གསར་བ་ལེན་པའི་རེ་བ་བཏོན།

ལིག་ཡུན་ཧྲན་གྱིས་ཟེ་ཧྭན་པ་འཕྲུལ་ཆས་ནགས་རའི་འགྲེམ་སྟོན་ཁང་ལྟ་སྐོར་བྱས་པ་དང་། དུས་རབས་ཕྱེད་ཀའི་རིང་གི་ནགས་རའི་དཀའ་སྤྱད་ལས་སྐྲུན་རྒྱུད་རིམ་ལ་རྒྱུས་ལོན་བྱས་པ་མ་ཟད། པད་དཔའ་ཕིན་དུ་སོང་ནས་སྐྱེ་ཁམས་སྲུང་སྐྱོབ་དང་སྐྱེ་ཁམས་དཔལ་འབྱོར་འཕེལ་རྒྱས་སུ་གཏོང་བའི་གནས་ཚུལ་ཐད་ནས་རྒྱུས་ལོན་གསལ་བོ་བྱས།

ལོན་ཕེན་རྫོང་ཀུའུ་ཁྲིན་ཁྲོན་སྡེ་བ་རུ། ལིག་ཡུན་ཧྲན་གྱིས་ཏང་ཡོན་ལས་བྱེད་པའི་ནུས་པ་འདོན་སྤེལ་བྱེད་པའི་་གནས་ཚུལ་ལ་རྒྱུས་ལོན་གསལ་བོ་བྱས་པ་མ་ཟད། སྡེ་དམངས་ཀྱི་ཁྱིམ་དུ་སོང་ནས་དབུལ་ཐར་ཕྱུག་བསྒྱུར་བྱས་ནས་འབྱོར་འབྲིང་དུ་བསྐྱོད་པའི་ཐད་ནས་བརྗེ་རེས་བྱས། མང་ཚོགས་ཚོས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན་གྱི་དམངས་ཕན་སྲིད་ཇུས་ཐད་ནས་བསྟོད་བསྔགས་བྱས་པ་དང་། ཏང་གི་ཚོགས་ཆེན་བཅུ་དགུ་བར་ཡིད་ཆེས་ཀྱི་ཁེངས་ཞིང་དང་རེ་སྒུག་ཆེན་པོ་བྱས་ཡོད། ལིག་ཡུན་ཧྲན་གྱིས་བཤད་རྒྱུར། ཏང་ཡོན་ལས་བྱེད་པས་ཏང་གི་རྩ་བའི་དམིགས་འབེན་སེམས་སུ་དམ་པོར་འཛིན་པ་དང་། དུས་ནམ་ཡང་མདུན་གྲས་སུ་བསྐྱོད་པ། བློ་སེམས་རྩེ་གཅིག་གིས་མང་ཚོགས་ཀྱི་ཆེད་དུ་དོན་དངོས་བསྒྲུབ་པ་དང་དཀའ་གནད་ཐག་བཅད་དེ། སྔོན་བསྐྱོད་དཔེ་མཚོན་ནུས་པ་འདོན་སྤེལ་བཟང་བོ་བྱེད་དགོས། ཏང་འཛུགས་སྐྲུན་དང་དབུལ་ཐར་མཁྲེགས་གཏོར་བྱ་བར་དམ་འཛིན་བྱེད་པ་དང་། གཞི་རིམ་ཏང་རྩ་འཛུགས་ཀྱི་སྣེ་ཁྲིད་མི་སྣ་ལེགས་འདེམས་བྱེད་པ། ས་བབ་བསྟུན་ནས་གནད་ཕིགས་དབུལ་སྐྱོར་གྱི་ཕན་ཡོད་ལམ་བུ་འཚོལ་ཞིབ་བྱས་ཏེ། མང་ཚོགས་སྔ་མོ་དབུལ་ཕོངས་ལས་ཐར་ནས་བདེ་སྐྱིད་ཀྱི་འཚོ་བ་རོལ་བར་སྣེ་ཁྲིད་བྱེད་དགོས་ཟེར།

རྟོག་ཞིབ་བྱེད་སྐབས། ལིག་ཡུན་ཧྲན་གྱི་མགོ་འཛིན་བྱས་ནས་གཞི་རིམ་ཏང་འཛུགས་སྐྲུན་བྱ་བའི་བཞུགས་མོལ་ཚོགས་འདུ་བསྡུས་ཏེ། འབྲེལ་ཡོད་གནས་ཚུལ་ངོ་སྤྲོད་དང་གྲོས་གཞི་ལ་ཉན།   །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།