ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕིང་གི་ན་གཞོན་ལོ་ཆུང་དང་གུང་གཞོན་ཚོགས་པ་བྱ་བའི་སྐོར་གྱི་རྒྱས་བཤད་བཤུས་སྒྲིག་པར་སྐྲུན་འགྲེམ་སྤེལ་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-09-11
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཀྲུང་གུང་ཀྲུང་དབྱང་ཚད་ལྡན་ཡིག་ཆ་ཞིབ་འཇུག་ཁང་གིས་རྩོམ་སྒྲིག་བྱས་པའི«ཞི་ཅིན་ཕིང་གི་ན་གཞོན་ལོ་ཆུང་དང་གུང་གཞོན་ཚོགས་པ་བྱ་བའི་སྐོར་གྱི་རྒྱས་བཤད་བཤུས་སྒྲིག»ཅེས་པའི་དཔེ་ཆ་དེ་ཉེ་ལམ་ཀྲུང་དབྱང་ཚད་ལྡན་ཡིག་ཆ་དཔེ་སྐྲུན་ཁང་གིས་པར་སྐྲུན་བྱས་པར་མ་ཟད། རྒྱལ་ཡོངས་ནས་འགྲེམ་སྤེལ་བྱས།

ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན་ནས། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་ན་གཞོན་ལོ་ཆུང་དང་གུང་གཞོན་ཚོགས་པ་བྱ་བར་ཧ་ཅང་མཐོང་ཆེན་བྱས་པ་དང་། ན་གཞོན་ལོ་ཆུང་བདེ་ཐང་ངང་འཚར་ལོངས་འབྱུང་བར་ཐུགས་ཁུར་ཆེན་པོ་བྱས། བློ་མཐུན་ཞི་ཅིན་ཕིང་གིས་ན་གཞོན་ལོ་ཆུང་དང་གུང་གཞོན་ཚོགས་པ་བྱ་བར་དམིགས་ནས་སྤེལ་བའི་རྒྱས་བཤད་གལ་ཆེན་རབ་དང་རིམ་པས། གནས་བབ་གསར་བའི་འོག་གི་ན་གཞོན་ལོ་ཆུང་དང་གུང་གཞོན་ཚོགས་པ་བྱ་བའི་གཞུང་ལུགས་གལ་ཆེན་དང་ལག་ལེན་གནད་དོན་རྒྱས་བཤད་བྱས་ཡོད་པ་དང་། དེང་སྐབས་ཀྱི་ན་གཞོན་ཚོའི་ལོ་རྒྱུས་འགན་འཁྲི་དང་འཚར་ལོངས་བགྲོད་ལམ་གསལ་བོར་བསྟན་ཡོད། བློ་མཐུན་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་ལ་སློབ་སྦྱོང་ནན་མོ་དང་ལག་ལེན་མཐར་ཕྱིན་བྱེད་རྒྱུ་དེ། ན་གཞོན་ལོ་ཆུང་དང་གུང་གཞོན་ཚོགས་པ་བྱ་བའི་གཞི་རྩའི་རེ་བ་དང་ལས་འགན་གཙོ་བོ་ཁོང་དུ་ཆུད་པར་བྱེད་པ་དང་། ན་གཞོན་ལོ་ཆུང་གིས་ཕུགས་བསམ་ཆེན་པོ་འཛུགས་པ་དང་སྤྱི་ཚོགས་རིང་ལུགས་ཀྱི་སྲོག་ཤིང་རིན་ཐང་ལྟ་བ་འཛུགས་པ་དང་ལག་བསྟར་བྱེད་པར་སྣེ་ཁྲིད་བྱེད་པ། གུང་གཞོན་ཚོགས་པའི་ཚོགས་མིས་འདུ་ཤེས་བཞི་དང་སྔོན་ཐོན་རང་བཞིན། གཟི་བརྗིད་ཀྱི་འདུ་ཤེས་ཇེ་དྲག་ཏུ་གཏོང་བར་སྐུལ་མ་གཏོང་བ། རྒྱ་ཆེའི་ན་གཞོན་ལོ་ཆུང་གིས་བརྒྱ་ལོ་གཉིས་ཀྱི་འབད་འཐབ་དམིགས་འབེན་མངོན་འགྱུར་བྱེད་པ་དང་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་ཆེད་སློབ་སྦྱོང་བཟང་བོ་བྱེད་པ་དང་བྱ་བ་ནན་མོར་བསྒྲུབ་པ་བཅས་ཀྱི་ཐད་དོན་སྙིང་གལ་ཆེན་ལྡན།

«རྒྱས་བཤད་བཤུས་སྒྲིག»དེ་བསྡོམས་པས་ཆེད་དོན་བརྒྱད་དུ་བགོས་ཡོད་པ་དང་། དཔེ་ཆའི་ནང་དུ་རྒྱས་བཤད་བརྒྱ་དང་གྱ་དགུ་བསྡུས་ཡོད་ལ། དེ་དག་བློ་མཐུན་ཞི་ཅིན་ཕིང་གི2012ལོའི་ཟླ་བཅུ་གཅིག་པའི་ཚེས་ཉེར་དགུ་ཉིན་ནས2017ལོའི་ཟླ་ལྔ་བའི་ཚེས་གསུམ་ཉིན་བར་གྱི་གཏམ་བཤད་དང་འཁྲབ་བཤད། མཆན་བཀོད་མཛུབ་སྟོན། རྟེན་འབྲེལ་ཞུ་བའི་གློག་འཕྲིན། ཡིག་ལན་སོགས་ཚད་ལྡན་ཡིག་ཆ་གལ་ཆེན་བཞི་བཅུ་ལྷག་ནས་གནད་བཤུས་བྱས་པ་ཡིན། དེའི་ཁྲོད་ཀྱི་རྣམ་བཤད་སྐོར་ཞིག་ཐེངས་དང་པོར་ཁྱབ་བསྒྲགས་བྱས་པ་རེད།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།