ཀྲུང་གོ་བོད་ཀྱི་དྲ་བ།

རྒྱལ་སྤྱིའི་ཞིབ་དཔྱོན་དཔོན་པོའི་མཉམ་འབྲེལ་ལྷན་ཚོགས་ཀྱི་ལོ་ཚོགས་སྐབས་ཉེར་གཉིས་པ་དང་ཚོགས་མིའི་འཐུས་མིའི་ཚོགས་ཆེན་ཚོགས་མགོ་བརྩམས་པ་དང་ཀྲང་ཏི་ཅང་གིས་ཤིས་ཚིག་ཕུལ།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-09-12
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ9བའི་ཚེས11ཉིན་གྱི་སྔ་དྲོར། རྒྱལ་སྤྱིའི་ཞིབ་དཔྱོན་དཔོན་པོའི་མཉམ་འབྲེལ་ལྷན་ཚོགས་ཀྱི་ལོ་ཚོགས་སྐབས་ཉེར་གཉིས་པ་དང་ཚོགས་མིའི་འཐུས་མིའི་ཚོགས་ཆེན་པེ་ཅིན་ནས་ཚོགས་མགོ་བརྩམས་པ་དང་། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ཀྲང་ཏི་ཅང་ལོ་ཚོགས་ཚོགས་མགོ་བརྩམས་པའི་མཛད་སྒོར་ཞུགས་པར་མ་ཟད་ཤིས་ཚིག་ཕུལ།

ཀྲང་ཏི་ཅང་གིས་བཤད་རྒྱུར། ཞིབ་དཔྱོད་ལས་ཁུངས་ཀྱིས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཁྲོད་དུ་ནུས་པ་གལ་ཆེན་བཏོན་པ་དང་འགན་འཁྲི་གལ་ཆེན་ཕྲག་ཏུ་འཁུར་ཡོད། སྐབས་འདིའི་ཚོགས་ཆེན་གྱིས་སྤྱི་ཕན་ཞབས་ཕྱི་ཐད་ཀྱི་ཞིབ་དཔྱོད་བརྗོད་དོན་གཙོ་བོ་བྱེད་པར་དངོས་ཡོད་ཀྱི་དོན་སྙིང་གལ་ཆེན་ལྡན། ཀྲུང་གོས་ཞིབ་དཔྱོད་དཔོན་པོས་སྤྱི་ཕན་སྲུང་སྐྱོབ་བྱེད་པའི་འགན་ནུས་འདོན་སྤེལ་བྱེད་པར་ཧ་ཅང་མཐོང་ཆེན་བྱེད་ཀྱིན་ཡོད། ཀྲུང་གོ་རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་དམངས་དོན་ཞུ་གཏུག་བཅའ་ཁྲིམས་དང་སྲིད་འཛིན་ཞུ་གཏུག་བཅའ་ཁྲིམས་ལ་བཟོ་བཅོས་བྱས་ཏེ། ཞིབ་དཔྱོད་ལས་ཁུངས་ལ་སྤྱི་ཕན་ཞུ་གཏུག་གི་དབང་ཆ་གནང་བ་དང་། ཞིབ་དཔྱོད་ལས་ཁུངས་ཀྱིས་སྤྱི་ཕན་སྲུང་སྐྱོབ་ནུས་པ་འདོན་སྤེལ་གང་ལེགས་བྱེད་པར་བཅའ་ཁྲིམས་ཀྱི་འགན་སྲུང་འདོན་སྤྲོད་བྱས་ཟེར།

ཀྲང་ཏི་ཅང་གིས་བཤད་རྒྱུར། ཚོགས་ཞུགས་རྒྱལ་ཁབ་སོ་སོའི་འཐུས་མིས་བརྗེ་རེས་མཉམ་ལས་ཟབ་སྤེལ་བྱེད་པ་དང་འབྲེལ་འདྲིས་དང་མཐུན་སྦྱོར་བྱེད་པར་ཤུགས་སྣོན་ཞིང་མཉམ་དུ་འགྲན་རྩོད་སྣ་ཚོགས་ལ་ཁ་གཏད་འཇལ་བ་དང་། ཚད་ལྡན་དང་གོ་རིམ་ལྡན་པའི་ཁྲིམས་སྐྱོང་ཁོར་ཡུག་མཉམ་སྐྲུན་བྱས་ནས། རྒྱལ་ཁབ་སོ་སོ་མཉམ་དུ་འཕེལ་རྒྱས་སུ་འགྲོ་བར་སྟོབས་དང་ལྡན་པའི་ཁྲིམས་འཛིན་ཞབས་ཕྱི་དང་འགན་སྲུང་འདོན་སྤྲོད་བྱེད་དགོས་ཟེར།   །
 

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།