ཀྲུང་གོ་བོད་ཀྱི་དྲ་བ།

ཕུགས་འདུན་མངོན་འགྱུར་གྱི་མི་རིགས་རོལ་དབྱངས་དགོང་ཚོགས《རྒྱུད་སྐུད་ཀྱི་རོལ་དབྱངས་དང་ཕུགས་འདུན་མངོན་འགྱུར་》ཞེས་པ་མི་རིགས་ཟློས་གར་ཁང་དུ་བསྟན་པ།

ཡོང་ཁུངས། : མི་དམངས་ཉིན་རེའི་ཚགས་པར།     སྤེལ་དུས། : 2017-09-12
ཡིག་གཟུགས། :ཆུང་། འབྲིང་། ཆེ།

1505186914151199.jpg

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ9ཚེས9ཉིན་དགོང་མོར། ཀྲུང་དབྱང་མི་རིགས་གླུ་གར་ཚོགས་པའི"2017ལོའི་སྟོན་དུས་ཀྱི་འཁྲབ་སྟོན་དུས་ཚིགས"ཀྱི་《རྒྱུད་སྐུད་ཀྱི་རོལ་དབྱངས་དང་ཕུགས་འདུན་མངོན་འགྱུར་》ཞེས་པའི་རོལ་དབྱངས་དགོང་ཚོགས་མི་རིགས་ཟློས་གར་ཁང་དུ་གཟབ་རྒྱས་ངང་བསྟན་ཞིང་། 《རྒྱུད་སྐུད་ཀྱི་རོལ་དབྱངས་དང་ཕུགས་འདུན་མངོན་འགྱུར་》ཞེས་པ་ནི་ཀྲུང་དབྱང་མི་རིགས་གླུ་གར་ཚོགས་པས"རྒྱུད་གཅིག་ལམ་གཅིག"གི་ཕུགས་འདུན་མངོན་འགྱུར་བྱེད་པའི་བརྩམས་ཆོས་གསར་ཤོས་ཤིག་ཡིན་ལ། རོལ་དབྱངས་དགོང་ཚོགས་འདི་ཡིས་གྲངས་ཉུང་མི་རིགས་ཀྱི་བསླད་མེད་གདོད་མའི་རོལ་དབྱངས་ཀྱི་རང་གཤིས་ཀྱི་རྨང་གཞི་རྒྱུན་འཁྱོངས་བྱས་ཐོག དེང་སྐབས་ཀྱི་རྒྱལ་སྤྱིའི་རོལ་དབྱངས་ཀྱི་དར་སྲོལ་གསར་པའི་གཞི་རྒྱུ་མཉམ་བསྲེས་བྱས་པ་ཞིག་རེད། གནའ་རབས་དང་དེང་རབས། མི་རིགས་དང་དར་སྲོལ། སྲོལ་རྒྱུན་དང་སྔོན་ཐོན་བཅས་མཉམ་བསྲེས་བྱས་པ་ལས་རྒྱ་ཆེའི་གཟིགས་མོ་བ་རྣམས་ཀྱི་མིག་དབང་དང་རྣ་དབང་གི་ལོངས་སྤྱོད་ཕུན་སུམ་ཚོགས་པ་ཞིག་ཕུལ་ཡོད་པ་མ་ཟད། ཡིད་དབང་ཡང་འཕྲོག་པར་བྱས་པ་རེད།

1505186914424263.jpg

མི་རིགས་མི་གཅིག་པའི་རོལ་ཆས་ལྔ་ལས་གྲུབ་པའི་སྣ་ལྔ་ཚོགས་པ་དང་གློག་སྐད་རོལ་ཆའི་རུ་ཁག་གཉིས་ཀྱིས་《མི་རིགས་ལྔ་ཡི་སྲོལ་རྒྱུན་》དང་། 《ཡའོ་རིགས་ཀྱི་བྲོ་གར།》 《དཔལ་འབར་དུས་ཆེན་གྱི་མཚན་མོ།》 《མཛེས་པའི་ཤིན་ཅང་》སོགས་ཀྱི་རོལ་དབྱངས་གཏོང་དཀྲོལ་བྱས་པ་དེ་དག་ནི་སྲོལ་རྒྱུན་གྱི་ཕུལ་བྱུང་དབྱངས་རྟ་དང་དར་སྲོལ་གྱི་རོལ་དབྱངས་གཞི་རྒྱུ་བསྲེས་ཡོད་ལ། ཕུལ་བྱུང་དང་དར་སྲོལ་གྱི་ཚོར་སྣང་ཡོང་བར་བྱས་ཡོད་པས། རྒྱུན་མི་ཆད་པའི་རོལ་དབྱངས་ཀྱི་འགྱུར་ཁུགས་ཁྲོད་ནས་ང་ཚོས་མི་རིགས་རིག་གནས་ཀྱི་སྲོལ་རྒྱུན་དང་དེང་རབས་ཀྱི་སྙིང་དོན་ཟབ་མོ་ཉམས་སུ་བསྟར་ཐུབ་པར་བྱས་ཡོད།

སྣ་ལྔ་ཚོགས་པའི་ཁོངས་མི་ཚོས་ད་དུང་《ཕུགས་འདུན་མངོན་འགྱུར་》དང་། 《རྟ་མང་བང་རྒྱུག》 《ཡུམ་ཆེན།》 《མཚན་མོ་གཅིག་གི་རྨི་ལམ་སྟོང་》སོགས་ཀྱི་རོལ་དབྱངས་དཀྲོལ་བ་རེད། རོལ་དབྱངས་ཀྱི་དྲན་པས་ལོ་སྟོང་སྦྲེལ་ཡོད་ལ། དམངས་གླུའི་མཛེས་པ་རི་ཀླུང་དུ་ཁྱབ་ཡོད། ས་ཁོངས་དང་དུས་རབས། སྐད་རིགས་བཅས་ལས་བརྒལ་ཡོད་པའི་རོལ་དབྱངས་འདི་དག་ནི་ཆད་ཆད་མཐུད་མཐུད་ངང་ང་ཚོ་དང་འཕྲད་ནས་ཡོང་། མི་རིགས་མི་གཅིག་པའི་རོལ་ཆས་གདོང་གཏུག་མཉམ་བསྲེས་བྱས་པ་ལས། ཀྲུང་ཧྭ་མི་རིགས་ཀྱི་མཐུན་སྒྲིལ་ཡར་བརྩོན་དང་ཁྱིམ་མི་གཅིག་ལྟར་བརྩེ་བའི་ཞི་མཐུན་གྱི་རོལ་དབྱངས་ཀྱི་ལེའུ་ཞིག་བརྒྱུད་བསྒྲགས་བྱས་ཡོད་པ་རེད།

བོད་ཀྱི་ན་གཞོན་གླུ་པ་བཀྲ་ཤིས་དོན་གྲུབ་ཀྱིས་ཡིད་འགུལ་སྙན་འཇེབས་ལྡན་ལ། བོད་ཀྱི་དབྱངས་རྟ་ཟབ་མོ་ལྡན་པའི་གླུ་དབྱངས་《ངོ་མཚར་》ཞེས་པ་བླངས་པ་དང་། 《ཉི་འོད་》ཞེས་པའི་གཞས་ཀྱིས་དགོང་ཚོགས་ཀྱི་ཡུལ་དངོས་གར་སྟེགས་ལྟ་བུར་གྱུར་ནས་གཟིགས་མོ་བ་ཚོ་འགྱུར་ཁུགས་ཀྱི་འགྲོས་དང་བསྟུན་ནས་ལག་ལྡེབ་སྐད་འབོད་བྱེད་པ་ལས་རོལ་དབྱངས་དགོང་ཚོགས་ཀྱི་སྤྲོ་སེམས་ཡང་བསྐྱར་ཇེ་ཆེར་འཕྱུར་དུ་བཅུག་པ་རེད།

དབྱིས་རིགས་བཟོ་བོའི་ཚོགས་པ་ཡིས་《རྟོགས་པ་》དང་《མཛེས་པའི་བུ་མོ་》ཞེས་པའི་གཞས་གཉིས་བླངས་པ་དང་། དབྱངས་རྟ་སྙན་འགྱུར་ལྡན་ལ་ལྷུང་སྨོན་གཉིས་སུ་སྣང་། ཕལ་ཆེར་སྐྱེས་པའི་མྱོང་ཚོར་དང་སེམས་ཀྱི་འདར་བ་དེ་བརྗོད་བཞིན་པ་འདྲ། མི་སེམས་འགུལ་བའི་ཚིག་དང་སྙན་ཞིང་འཇབས་པའི་འགྱུར་ཁུགས། བརྩེ་བ་ལྷད་མེད་ཀྱི་འཁྲབ་སྟོན་ལས་གཟིགས་མོ་བའི་ནང་སེམས་ཀྱི་གཏིང་དུ་ཟུག་འགྲོ་བ་ཞིག་རེད།

གཟིགས་མོ་བ་ཚོས་སྤྲོ་སེམས་འཁོལ་བའི་དགའ་འབོད་ཁྲོད། འཁྲབ་སྟོན་པ་ཡོངས་ཀྱིས་མཉམ་དུ་《ལང་ཚོའི་བྲོ་གར་》ཞེས་པ་བླངས་ནས་སྣང་བརྙན་ལྡན་པའི་མི་རིགས་ཀྱི་སྲོལ་རྒྱུན་དེ་པེ་ཅིང་གི་མཚན་མོའི་མཁའ་དབྱིངས་སུ་ཁྱབ་པར་བྱས་ཡོད་པ་རེད། ཟླ9ཚེས15ཉིན་ནས་ཚེས17ཉིན་བར། ཕྱོགས་བསྡུས་དགོང་ཚོགས་《མཛེས་སྡུག་ལྡན་པའི་ཁྱིམ་གཞིས་》ཞེས་པ་མི་རིགས་ཟློས་གར་ཁང་དུ་བསྟན་རྒྱུ་ཡིན་ལ། འདི་ནི་ཀྲུང་དབྱང་མི་རིགས་གླུ་གར་ཁང་གི་རྒན་གཞོན་དར་གསུམ་གྱི་སྒྱུ་རྩལ་པ་ཚོས་མཉམ་དུ་བཟོས་པའི་མི་རིགས་སྒྱུ་རྩལ་གྱི་ཕུལ་བྱུང་བརྩམས་ཆོས་ཤིག་ཡིན་པ་རེད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།