ཀྲུང་གོ་བོད་ཀྱི་དྲ་བ།

ལིས་ཁི་ཆང་གིས་རྒྱལ་སྤྱིའི་དཔལ་འབྱོར་དངུལ་རྩ་ལས་ཁུངས་ཀྱི་འགན་འཁུར་བ་གཙོ་བོ་དང་མཉམ་དུ་གྲོས་མོལ་ཚོགས་འདུ་བསྡུས།

ཡོང་ཁུངས། : ཞིན་ཧྭ་དྲ་བ།     སྤེལ་དུས། : 2017-09-13
ཡིག་གཟུགས། :ཆུང་། འབྲིང་། ཆེ།

1121652168_15052322791861n.jpg

ཟླ9བའི་ཚེས12ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་པེ་ཅིན་ནས་རྒྱལ་སྤྱིའི་དཔལ་འབྱོར་དངུལ་རྩ་ལས་ཁུངས་ཀྱི་འགན་འཁུར་བ་གཙོ་བོ་དང་མཉམ་དུ་གྲོས་མོལ་ཚོགས་འདུ་བསྡུས། འཛམ་གླིང་དངུལ་ཁང་གི་མགོ་གཙོ་ཅིན་ཡུང་དང་རྒྱལ་སྤྱིའི་དངུལ་བུན་ཐེབས་རྩ་རྩ་འཛུགས་ཀྱི་ཙུང་ཚེ་ལ་ཅ་ཏི། འཛམ་གླིང་ཉོ་ཚོང་རྩ་འཛུགས་ཀྱི་སྤྱི་ཁྱབ་ལས་འཛིན་པ་ཨ་ཙི་ཝེ་ཏོ། རྒྱལ་སྤྱིའི་ངལ་རྩོལ་བཟོ་བའི་རྩ་འཛུགས་ཀྱི་སྤྱི་ཁྱབ་ལས་འཛིན་པ་ལེ་ཏི། དཔལ་འབྱོར་མཉམ་ལས་དང་འཕེལ་རྒྱས་རྩ་འཛུགས་ཀྱི་དྲུང་ཡིག་ཆེན་མོ་ཀུའུ་ལེ་ཡ། དངུལ་རྩ་བརྟན་འཇགས་ལས་འཛིན་ལྷན་ཚོགས་ཀྱི་ཀྲུའུ་ཞི་ཁ་ཉི་བཅས་ཚོགས་འདུར་ཞུགས།

1121652168_15052323392301n.jpg

འདི་ནི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་རྒྱལ་སྤྱིའི་དཔལ་འབྱོར་དངུལ་རྩ་ལས་ཁུངས་ཀྱི་འགན་འཁུར་བ་གཙོ་བོ་དང་མཉམ་དུ་འདྲ་པར་ལེན་བཞིན་པའི་ཚུལ་རེད།

1121652168_15052322152191n.jpg

འདི་ནི་གྲོས་ཚོགས་ཀྱི་རྗེས་སུ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་དང་རྒྱལ་སྤྱིའི་དཔལ་འབྱོར་དངུལ་རྩ་ལས་ཁུངས་ཀྱི་འགན་འཁུར་བ་གཙོ་བོ་དག་གིས་གསར་འགོད་པའི་བཅར་འདྲི་དང་ལེན་བྱེད་བཞིན་པའི་ཚུལ་རེད།

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།