ཞི་ཅིན་ཕིང་གིས་མཉམ་འབྲེལ་རྒྱལ་ཚོགས་འཛམ་གླིང་གནས་སྐོར་རྩ་འཛུགས་ཀྱི་ཚང་འཛོམས་ཚོགས་ཆེན་སྐབས་ཉེར་གཉིས་པར་རྟེན་འབྲེལ་ཞུ་ཚིག་ཕུལ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ9བའི་ཚེས13ཉིན། མཉམ་འབྲེལ་རྒྱལ་ཚོགས་འཛམ་གླིང་གནས་སྐོར་རྩ་འཛུགས་ཀྱི་ཚང་འཛོམས་ཚོགས་ཆེན་སྐབས་ཉེར་གཉིས་པ་སི་ཁྲོན་ཁྲིན་ཏུའུ་ནས་ཚོགས་མགོ་བརྩམས་པ་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཚོགས་ཆེན་ལ་རྟེན་འབྲེལ་ཞུ་ཚིག་ཕུལ།

ཞི་ཅིན་ཕིང་གིས་བསྟན་དོན། གནས་སྐོར་ནི་རྒྱལ་ཁབ་མི་གཅིག་པ་དང་རིག་གནས་མི་གཅིག་པ་བརྗེ་རེས་དང་དཔྱད་གཞིར་འཛིན་པའི་ཐབས་ལམ་གལ་ཆེན་ཞིག་ཡིན་ལ། དཔལ་འབྱོར་འཕེལ་རྒྱས་དང་ལས་ཞུགས་ཇེ་མང་དུ་གཏོང་བའི་ནུས་ལྡན་བྱེད་ཐབས་ཤིག་ཡིན་པ་དང་། མི་དམངས་ཀྱི་འཚོ་བའི་ཆུ་ཚད་ཇེ་མཐོར་གཏོང་བའི་ཐོན་ལས་གལ་ཆེན་ཞིག་ཀྱང་ཡིན། མཉམ་འབྲེལ་རྒྱལ་ཚོགས་འཛམ་གླིང་གནས་སྐོར་རྩ་འཛུགས་ཀྱིས་འཛམ་གླིང་ཡོངས་ཀྱི་གནས་སྐོར་ལས་འཕེལ་རྒྱས་སུ་གཏོང་བ་དང་རྒྱལ་སྤྱིའི་གནས་སྐོར་བརྗེ་རེས་དང་མཉམ་ལས་ལ་ཤུགས་སྣོན་པའི་ཐད་ལ་ནུས་པ་ཆེན་པོ་བཏོན། རྒྱལ་ཁབ་སོ་སོས་ཐེངས་འདིའི་ཚོགས་ཆེན་གོ་སྐབས་སུ་བཟུང་སྟེ་འཛམ་གླིང་ཡོངས་ཀྱི་གནས་སྐོར་ལས་རིགས་འཕེལ་རྒྱས་སུ་འགྲོ་བར་མཉམ་དུ་སྐུལ་འདེད་གཏོང་དགོས་ཟེར།   །
 

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།