ཀྲུང་གོ་བོད་ཀྱི་དྲ་བ།

ཀྲང་ཏི་ཅང་གིས་བུན་ལེ་སུའུ་ཏན་ལ་ཐུག་འཕྲད་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-09-14
ཡིག་གཟུགས། :ཆུང་། འབྲིང་། ཆེ།

b62957c9902840d3b287f3486b28202b.jpg

ཟླ་དགུ་བའི་ཚེས་བཅུ་གསུམ་ཉིན། རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ཀྲང་ཏི་ཅང་གིས་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་བུན་ལེ་སུའུ་ཏན་ཧ་སང་ན་ཨར་ལ་ཐུག་འཕྲད་བྱས།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ཀྲང་ཏི་ཅང་གིས་ཚེས་བཅུ་གསུམ་ཉིན་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་བུན་ལེ་སུའུ་ཏན་ཧ་སང་ན་ཨར་ལ་ཐུག་འཕྲད་བྱས།

ཀྲང་ཏི་ཅང་གིས་བཤད་རྒྱུར། ཀྲུང་གོ་དང་བུན་ལེ་གཉིས་ནི་ཁྱིམ་མཚེས་བཟང་བོ་དང་གྲོགས་པོ་བཟང་བོ་ཡིན། རྒྱལ་ཁབ་གཉིས་བར་འབྲེལ་བ་བཙུགས་པའི་ཚུན་ལ། རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་བདེ་བླག་དང་བརྟན་འཇགས་སྒོས་འཕེལ་རྒྱས་སུ་སོང་སྟེ། ཕན་ཚུན་བར་བརྩི་འཇོག་བྱེད་པ་དང་འདྲ་མཉམ་སྒོས་ལྟ་སྟངས་འཛིན་པ། ལག་གདང་སྦྲེལ་ནས་འཕེལ་རྒྱས་སུ་གཏོང་བ་བཅས་ཀྱི་མིག་དཔེ་ལྟ་བུར་གྱུར། ཐེངས་འདིར་ཀྲུའུ་ཞི་ཞི་ཅིན་ཕིང་དང་སྐུ་ཞབས་བར་གྲོས་མོལ་བྱས་ཏེ་ཐུན་མོང་གི་ལྟ་བ་གལ་ཆེན་བྱུང་སྟེ། དུས་རབས་གསར་བའི་རྒྱལ་ཁབ་གཉིས་ཀྱི་འཐབ་ཇུས་མཉམ་ལས་འབྲེལ་བ་འཕེལ་རྒྱས་སུ་གཏོང་བར་སྟོབས་ཤུགས་གསར་བ་བསྣན། ཕྱོགས་གཉིས་ཀྱིས་ཆབ་སྲིད་ཐད་ཀྱི་ཡིད་ཆེས་མུ་མཐུད་དུ་ཇེ་དམ་དུ་གཏོང་བ་དང་། རྒྱུད་གཅིག་ལམ་གཅིག་འཛུགས་སྐྲུན་སྤྱི་ཁོག་འོག་གི་ཁྱབ་ཁོངས་སོ་སོའི་དངོས་གཉེར་མཉམ་ལས་དང་མི་གཞུང་བརྗེ་རེས་གཏིང་ཟབ་ཏུ་སྤེལ་ཏེ། རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་ཁེ་ཕན་སྔར་ལས་མང་པོ་སྐྲུན་པ་དང་། ས་ཁུལ་གྱི་ཞི་བདེ་དང་དར་རྒྱས་ལ་སྐུལ་འདེད་གཏོང་དགོས། ཀྲུང་གོ་རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་གྱིས་བུན་ལེ་ཁྲིམས་འཛུགས་ལྷན་ཚོགས་བར་གྱི་བརྗེ་རེས་དང་མཉམ་ལས་ལ་ཤུགས་བསྣན་ཏེ། རྒྱལ་ཁབ་གཉིས་ཀྱི་མགོ་གཙོ་བར་གྲོས་མཐུན་བྱུང་བའི་ཐུན་མོང་གི་ལྟ་བ་གལ་ཆེན་མཉམ་དུ་ལག་ལེན་མཐར་ཕྱིན་བྱས་ནས། རྒྱལ་ཁབ་གཉིས་ཀྱི་འཐབ་ཇུས་མཉམ་ལས་འབྲེལ་བ་འཕེལ་རྒྱས་སུ་གཏོང་བར་བྱས་རྗེས་བཟང་བོ་འཇོག་འདོད་ཡོད་ཟེར།

ཧ་སང་ན་ཨར་གྱིས་བཤད་རྒྱུར། ཀྲུང་གོ་ནི་བུན་ལེའི་མཉམ་ལས་གྲོགས་པོ་གལ་ཆེན་ཡིན་ལ། བུན་ལེ་ཕྱོགས་ཀྱིས་རྒྱལ་ཁབ་གཉིས་བར་གྱི་མཛའ་བཤེས་ཟབ་མོར་ཧ་ཅང་གཅེས་སྤྲས་བྱེད་ཀྱིན་ཡོད། ཐེངས་འདིའི་འཚམས་འདྲི་བརྒྱུད་དེ་ཕྱོགས་གཉིས་ཀྱི་མཛའ་མཐུན་མཉམ་ལས་འབྲེལ་བ་སྔར་ལས་འཕེལ་རྒྱས་སུ་གཏོང་བར་རེ་བ་བྱེད་ཀྱིན་ཡོད་ཟེར།  །
 

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།