ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕིང་དང་ཨུ་རུ་སིའི་ཙུང་ཐུང་ཕུའུ་ཅིན་གཉིས་ཀྱིས་སོ་སོར་ཧྲིན་ཀྲིན་པེ་ཅིན་རང་བྱུང་རིག་པའི་མོ་སི་ཁོ་སློབ་ཆེན་ཚོགས་མགོ་བརྩམས་པའི་མཛད་སྒོར་རྟེན་འབྲེལ་ཞུ་ཚིག་ཕུལ།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-09-14
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ9བའི་ཚེས13ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་དང་ཨུ་རུ་སིའི་ཙུང་ཐུང་ཕུའུ་ཅིན་གཉིས་ཀྱིས་སོ་སོར་ཧྲིན་ཀྲིན་པེ་ཅིན་རང་བྱུང་རིག་པའི་མོ་སི་ཁོ་སློབ་ཆེན་ཚོགས་མགོ་བརྩམས་པའི་མཛད་སྒོར་རྟེན་འབྲེལ་ཞུ་ཚིག་ཕུལ།

ཞི་ཅིན་ཕིང་གིས་རྟེན་འབྲེལ་ཞུ་ཚིག་ནང་བསྟན་དོན། ཀྲུང་གོ་དང་ཨུ་རུ་སི་རྒྱལ་ཁབ་གཉིས་ཀྱི་སློབ་གསོའི་གཙོ་འགན་འཁུར་བའི་ལས་ཁུངས་དང་སློབ་གསོ་བྱ་བ་སྒྲུབ་མཁན་གྱིས་རྒྱལ་ཁབ་རང་རང་གི་ཁྱབ་སྟོབས་འདོན་སྤེལ་བྱེད་པ་དང་མཉམ་ལས་ཀྱི་སྦས་ཤུགས་སྔོག་འདོན་བྱེད་དགོས་ལ། ཧྲིན་ཀྲིན་པེ་ཅིན་རང་བྱུང་རིག་པའི་མོ་སི་ཁོ་སློབ་ཆེན་གྱི་འཛུགས་སྐྲུན་སྣ་ཚོགས་མྱུར་དུ་འཐུས་ཚང་དུ་གཏོང་བ་དང་ཧུར་ཐག་སྒོས་ཆུ་ཚད་མཐོ་བའི་སློབ་ཆེན་འཛུགས་སྐྲུན་བྱེད་པ་དང་བྱང་ཚད་མཐོ་བའི་ཤེས་ལྡན་མི་སྣ་སྐྱེད་སྲིང་བྱས་ནས། ཀྲུང་གོ་དང་ཨུ་རུ་སིའི་སློབ་གསོའི་མཉམ་ལས་རྒྱ་བསྐྱེད་པ་དང་རྒྱལ་ཁབ་གཉིས་ཀྱི་མི་དམངས་བར་གྱི་མཛའ་བཤེས་ཇེ་ཟབ་ཏུ་གཏོང་བར་བྱས་རྗེས་འཇོག་དགོས་ཟེར།

ཕུའུ་ཅིན་གྱིས་རྟེན་འབྲེལ་ཞུ་ཚིག་ནང་བཤད་རྒྱུར། སློབ་གསོའི་མཉམ་ལས་ནི་ཨུ་རུ་སི་དང་ཀྲུང་གོའི་འཐབ་ཇུས་གྲོགས་པོའི་འབྲེལ་བའི་གྲུབ་ཆ་གལ་ཆེན་ཞིག་ཡིན། མིང་གྲགས་ཆེ་བའི་སློབ་ཆེན་གཉིས་ཀྱི་རྨང་གཞིའི་སྟེང་དུ་བཙུགས་པའི་ཨུ་རུ་སི་དང་ཀྲུང་གོའི་སློབ་ཆེན་གྱིས་རྒྱལ་ཁབ་གཉིས་ཀྱི་མི་དམངས་བར་གྱི་མཛའ་བཤེས་ཇེ་ཟབ་ཏུ་གཏོང་བ་དང་ཕན་ཚུན་ལ་རྒྱུས་ལོན་བྱེད་ཚད་ཇེ་ཆེར་གཏོང་བར་ནུས་པ་ཆེན་པོ་འདོན་ངེས་ཡིན་ཟེར། 

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།