ཀྲུང་གོ་བོད་ཀྱི་དྲ་བ།

ལིས་ཁི་ཆང་གིས་འཛམ་གླིང་གནས་སྐོར་མནའ་འབྲེལ་བཙུགས་པའི་མཛད་སྒོར་རྟེན་འབྲེལ་ཞུ་བའི་གློག་འཕྲིན་བཏང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-09-14
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་ཟླ་དགུ་བའི་ཚེས་བཅུ་གཉིས་ཉིན་ཁྲིན་ཏུའུ་ནས་བསྡུས་པའི་འཛམ་གླིང་གནས་སྐོར་མནའ་འབྲེལ་བཙུགས་པའི་མཛད་སྒོར་རྟེན་འབྲེལ་ཞུ་བའི་གློག་འཕྲིན་བཏང་།

ལིས་ཁི་ཆང་གིས་རྟེན་འབྲེལ་ཞུ་བའི་གློག་འཕྲིན་ནང་བཤད་རྒྱུར། གནས་སྐོར་ལས་རིགས་ནི་དེང་སྐབས་འཛམ་གླིང་གི་གཞི་ཁྱོན་ཆེས་ཆེ་བ་དང་འཕེལ་རྒྱས་ཆེས་མགྱོགས་པ། འབྲེལ་འདྲིས་ཆེས་ཁྱབ་ཆེ་བའི་ཕྱོགས་བསྡུས་རང་བཞིན་གྱི་ཐོན་ལས་ཤིག་ཡིན་ལ། དཔལ་འབྱོར་འཕེལ་རྒྱས་སུ་གཏོང་བ་དང་། རྒྱལ་ཁབ་བར་གྱི་འགྲོ་འོང་ལ་སྐུལ་འདེད་གཏོང་བའི་ཐབས་ལམ་གཙོ་བོ་ཞིག་ཀྱང་ཡིན་པས། མི་དང་མི་བར་གྱི་འབྲེལ་འདྲིས་ལ་ཤུགས་སྣོན་པ་དང་། མིའི་རིགས་ཀྱི་ལས་དབང་ཐུན་མོང་ཚོགས་པ་འཛུགས་སྐྲུན་བྱེད་པར་ཕན་པ་ཡོད་ཟེར།

ལིས་ཁི་ཆང་གིས་བཤད་རྒྱུར། གནས་སྐོར་ལས་རིགས་ས་ཁུལ་དོ་མཉམ་དང་བཟོད་སྒོམ་སྒོས་འཕེལ་རྒྱས་སུ་གཏོང་དགོས་ན། ཕྱོགས་སོ་སོས་ཡོངས་ཁྱབ་ཏུ་བརྗེ་རེས་བྱེད་པ་དང་མཉམ་ལས་གཏིང་ཟབ་ཏུ་སྤེལ་བ། ཐུན་མོང་གི་སྟོབས་ཤུགས་ཆགས་པར་བྱེད་དགོས། འཛམ་གླིང་གནས་སྐོར་མནའ་འབྲེལ་བཙུགས་པ་དེས་གནས་སྐོར་ལས་རིགས་ལ་གོ་སྐབས་གསར་བ་སྐྲུན། ཀྲུང་གོ་སྲིད་གཞུང་གིས་འཛམ་གླིང་གནས་སྐོར་མནའ་འབྲེལ་འཛུགས་སྐྲུན་ལ་ཧུར་ཐག་སྒོས་ཐུགས་ཁུར་དང་རྒྱབ་སྐྱོར་བྱེད་རྒྱུ་ཡིན་ལ། འཛམ་གླིང་གི་རྒྱལ་ཁབ་སོ་སོས་གནས་སྐོར་ལས་རིགས་དེའི་ཁྲོད་ཧུར་ཐག་སྒོས་ཞུགས་པར་དགའ་བསུ་ཞུ་བཞིན་ཡོད་ཟེར།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།