ལིས་ཁི་ཆང་གིས་བུའུ་ལེ་སུའུ་ཏན་ལ་ཐུག་འཕྲད་བྱས།

300a58f587d1392364f58a2cc9b353dd.jpg

ཟླ་དགུ་བའི་ཚེས་བཅུ་གསུམ་ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་བུའུ་ལེ་སུའུ་ཏན་ཧ་སང་ན་ཨར་ལ་ཐུག་འཕྲད་བྱས།

 bceba17eea12106e519983b4ff72e514.jpg

ཟླ་དགུ་བའི་ཚེས་བཅུ་གསུམ་ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་བུའུ་ལེ་སུའུ་ཏན་ཧ་སང་ན་ཨར་ལ་ཐུག་འཕྲད་བྱས། 
 

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་ཚེས་བཅུ་གསུམ་ཉིན་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་བུའུ་ལེ་སུའུ་ཏན་ཧ་སང་ན་ཨར་ལ་ཐུག་འཕྲད་བྱས།

ལིས་ཁི་ཆང་གིས་བཤད་རྒྱུར། ཀྲུང་གོ་དང་བུན་ལེ་རྒྱལ་ཁབ་གཉིས་ཀྱིས་དུས་དང་རྣམ་པ་ཀུན་དུ་ཕན་ཚུན་བར་བརྩི་འཇོག་བྱེད་པ་དང་། འདྲ་མཉམ་སྒོས་ལྟ་སྟངས་འཛིན་པ། ཕྱོགས་གཉིས་ཀྱི་འབྲེལ་བར་འཕེལ་རྒྱས་བཟང་བོ་བྱུང་། ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཁྱེད་དང་གྲོས་མོལ་བྱས་ནས། རྒྱལ་ཁབ་གཉིས་ཀྱི་འབྲེལ་བའི་མ་འོངས་པའི་འཕེལ་རྒྱས་ལ་ཁྱོན་ཡོངས་ནས་ཇུས་འགོད་བྱས། ཀྲུང་གོ་ཕྱོགས་ཀྱིས་བུན་ལེ་ཕྱོགས་དང་ཆབ་སྲིད་ཐད་ནས་ཕན་ཚུན་ལ་ཡིད་ཆེས་དམ་པོ་བྱེད་པ་དང་། ཉོ་ཚོང་དངུལ་གཏོང་དང་། རྨང་གཞིའི་སྒྲིག་ཆས། ནུས་ཁུངས། དངུལ་ལོར། ཚན་རྩལ་སོགས་ཁྱབ་ཁོངས་ཀྱི་དངོས་གཉེར་མཉམ་ལས་རྒྱ་བསྐྱེད་དེ། མི་གཞུང་བརྗེ་རེས་ལ་ཤུགས་བསྣན་ནས། ས་ཁོངས་དཔལ་འབྱོར་གཞི་གཅིག་ཅན་དུ་སྒྱུར་བར་སྐུལ་འདེད་གཏོང་འདོད་ཡོད་ཟེར།

ལིས་ཁི་ཆང་གིས་བུན་ལེ་ཕྱོགས་ཀྱིས་ཀྲུང་གོ་དང་ཨེ་ཤ་ཡ་ཤར་ལྷོ་མནའ་འབྲེལ་བར་གྱི་འབྲེལ་བ་འཕེལ་རྒྱས་སུ་གཏོང་བའི་ཐད་ལ་འཛུགས་སྐྲུན་རང་བཞིན་གྱི་ནུས་པ་འདོན་སྤེལ་བྱེད་པར་གཟེངས་བསྟོད་བྱས་པར་མ་ཟད། ཨེ་ཤ་ཡ་ཤར་ལྷོ་མནའ་འབྲེལ་ནི་ཀྲུང་གོའི་མཐའ་འཁོར་ཕྱི་འབྲེལ་གྱི་ཐོག་མའི་ཁ་ཕྱོགས་ཡིན། ཀྲུང་གོ་ཕྱོགས་ཀྱིས་རྒྱུད་གཅིག་ལམ་གཅིག་འཛུགས་སྐྲུན་གྲོས་གཞི་དང་ཨེ་ཤ་ཡ་ཤར་ལྷོ་མནའ་འབྲེལ་གྱི་འཕེལ་རྒྱས་འཐབ་ཇུས་གཉིས་འབྲེལ་མཐུད་སྔར་ལས་བཟང་བོ་བྱེད་འདོད་ཡོད་ཟེར།

ཧ་སང་ན་ཨར་གྱིས་བཤད་རྒྱུར། བུན་ལེ་ཕྱོགས་ཀྱིས་ཀྲུང་གོ་བར་གྱི་འབྲེལ་བ་འཕེལ་རྒྱས་སུ་གཏོང་བར་ཧ་ཅང་མཐོང་ཆེན་བྱེད་ཀྱིན་ཡོད་ལ། ཀྲུང་གོ་ཕྱོགས་ཀྱིས་ཨེ་ཤ་ཡ་ཤར་ལྷོ་མནའ་འབྲེལ་བར་གྱི་འབྲེལ་བ་དང་མཉམ་ལས་ལ་གཙིགས་འཛིན་བྱེད་པའི་ལངས་ཕྱོགས་ལ་གཟེངས་བསྟོད་བྱས་པ་ཡིན་ཟེར།    །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།