ཞིན་ཅང་གི་ལོ་རྒྱུས་གནད་དོན་རབ་དང་རིམ་པའི་ཞིབ་འཇུག་བཞུགས་མོལ་ཚོགས་འདུ་པེ་ཅིན་ནས་བསྡུས། ཡུས་ཀྲིན་ཧྲིན་གྲོས་ཚོགས་སུ་ཞུགས་པར་མ་ཟད་གཏམ་བཤད།

cb7ea336d92ad2c0be2164fcf86043bd.jpg

ཟླ་དགུ་བའི་ཚེས་བཅུ་གཉིས་ཉིན་ནས་ཚེས་བཅུ་གསུམ་ཉིན་བར། ཞིན་ཅང་གི་ལོ་རྒྱུས་གནད་དོན་རབ་དང་རིམ་པའི་ཞིབ་འཇུག་བཞུགས་མོལ་ཚོགས་འདུ་པེ་ཅིན་ནས་བསྡུས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཡུས་ཀྲིན་ཧྲིན་གྲོས་ཚོགས་སུ་ཞུགས་པར་མ་ཟད་གཏམ་གལ་ཆེན་བཤད།

982cd733c44986705961e0c95352b1d6.jpg

ཟླ་དགུ་བའི་ཚེས་བཅུ་གཉིས་ཉིན་ནས་ཚེས་བཅུ་གསུམ་ཉིན་བར། ཞིན་ཅང་གི་ལོ་རྒྱུས་གནད་དོན་རབ་དང་རིམ་པའི་ཞིབ་འཇུག་བཞུགས་མོལ་ཚོགས་འདུ་པེ་ཅིན་ནས་བསྡུས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཡུས་ཀྲིན་ཧྲིན་གྲོས་ཚོགས་སུ་ཞུགས་པར་མ་ཟད་གཏམ་གལ་ཆེན་བཤད།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཞིན་ཅང་གི་ལོ་རྒྱུས་གནད་དོན་རབ་དང་རིམ་པའི་ཞིབ་འཇུག་བཞུགས་མོལ་ཚོགས་འདུ་ཟླ་དགུ་བའི་ཚེས་བཅུ་གཉིས་ཉིན་ནས་ཚེས་བཅུ་གསུམ་ཉིན་བར་པེ་ཅིན་ནས་བསྡུས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཡུས་ཀྲིན་ཧྲིན་གྲོས་ཚོགས་སུ་ཞུགས་པར་མ་ཟད་གཏམ་གལ་ཆེན་བཤད། ཚོགས་ཐོག་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་རབ་དང་རིམ་པའི་དགོངས་དོན་དང་ཏང་ཀྲུང་དབྱང་གི་རྒྱལ་སྐྱོང་སྲིད་འཛིན་གྱི་འདུ་ཤེས་གསར་བ་དང་བསམ་བློ་གསར་བ། འཐབ་ཇུས་གསར་བ་བཅས་ལ་སློབ་སྦྱོང་ནན་མོ་དང་ལག་ལེན་མཐར་ཕྱིན་བྱས་པ་དང་། ཀྲུང་དབྱང་གི་ཞིན་ཅང་བྱ་བའི་བཞུགས་མོལ་ཚོགས་འདུ་ཐེངས་གཉིས་པའི་དགོངས་དོན་དང་ཀྲུང་དབྱང་གི་ཞིན་ཅང་བྱ་བའི་སྐོར་གྱི་ཇུས་ཆོད་དང་བཀོད་སྒྲིག་ནན་ཏན་སྒོས་ལག་ལེན་མཐར་ཕྱིན་བྱས་ནས། ཞིན་ཅང་སྐོར་གྱི་ལོ་རྒྱུས་གནད་དོན་རབ་དང་རིམ་པའི་ཞིབ་འཇུག་བཞུགས་མོལ་ཟིན་བྲིས་གནད་བསྡུས་ཀྱི་དགོངས་དོན་ལ་སློབ་སྦྱོང་ནན་མོ་བྱེད་པ་དང་གོ་བ་ཟབ་མོ་བླངས་ཏེ། བསམ་བློ་སྔར་ལས་གཅིག་གྱུར་བྱེད་པ་དང་། ངོས་འཛིན་ཟབ་མོ་བྱེད་པ། ཐུན་མོང་གི་ལྟ་བ་གཅིག་ཏུ་བསྡུས་ནས། ཁྲིམས་ལྟར་ཞིན་ཅང་སྐྱོང་བ་དང་། ཞིན་ཅང་མཐུན་སྒྲིལ་དང་བརྟན་འཇགས་ཡོང་བར་བྱེད་པ། ཞིན་ཅང་ཡུན་རིང་དུ་འཛུགས་སྐྲུན་བྱེད་པ་བཅས་ཀྱི་བྱ་བ་སྣ་ཚོགས་བཟང་བོར་སྒྲུབ་པར་སྐུལ་འདེད་གཏོང་དགོས་པ་བསྟན།

ཡུས་ཀྲིན་ཧྲིན་གྱིས་བཤད་རྒྱུར། ཟིན་བྲིས་གནད་བསྡུས་ལས་མར་ཁེ་སི་རིང་ལུགས་ཀྱི་རྒྱལ་ཁབ་ལྟ་བ་དང་། ལོ་རྒྱུས་ལྟ་བ། མི་རིགས་ལྟ་བ། རིག་གནས་ལྟ་བ། ཆོས་ལུགས་ལྟ་བ་བཅས་བཀོལ་སྤྱོད་བྱས་ཏེ། ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་ཚོགས་པའི་འདུ་ཤེས་རྒྱུན་འཁྱོངས་བྱས་ནས། རང་རྒྱལ་ལོ་རྒྱུས་འཕེལ་རྒྱས་ཀྱི་ཁྱོན་ཡོངས་ནས་ཞིན་ཅང་ས་ཁུལ་གྱི་ལོ་རྒྱུས་འཕེལ་རྒྱས་ལ་ཞིབ་འཇུག་བྱས་ཏེ། ཞིན་ཅང་ནི་རང་རྒྱལ་མངའ་ཁོངས་ནང་ཁ་འབྲལ་དུ་མི་རུང་བའི་ཁག་གཅིག་ཡིན་པ་རྒྱས་བཤད་ཟབ་མོ་བྱས་ནས། ཞིན་ཅང་གི་འདུ་ཤེས་འཛིན་སྟངས་ཁྱབ་ཁོངས་དང་ཁྱད་པར་དུ་ལོ་རྒྱུས་ཕྱོགས་ཀྱི་དོན་དངོས་ཀྱི་གནད་དོན་ཐག་གཅོད་བྱེད་པར་བསྲུང་བྱ་གལ་ཆེན་འདོན་སྤྲོད་བྱས་ཡོད་ཟེར།

ཡུས་ཀྲིན་ཧྲིན་གྱིས་ནན་གྱིས་བཤད་རྒྱུར། ལོ་རྒྱུས་ཀྱི་གནད་དོན་རྩ་བའི་སྟེང་ནས་བསྒྱུར་བཅོས་བྱས་ཏེ། ཞིན་ཅང་གི་ལོ་རྒྱུས་དང་རིག་གནས། མི་རིགས། ཆོས་ལུགས་བཅས་ཕྱོགས་ཀྱི་ནོར་འཁྲུལ་བསམ་བློའི་ཤུགས་རྐྱེན་ཧུར་ཐག་སྒོས་གཙང་སེལ་བྱས་ཏེ། ཡུན་རིང་དུ་གནས་པའི་གནད་དོན་རྩ་བའི་སྟེང་ནས་ཐག་གཅོད་བྱེད་དགོས་ལ། ཁྲིམས་ལྟར་ཞིན་ཅང་སྐྱོང་བ་དང་ཞིན་ཅང་མཐུན་སྒྲིལ་དང་བརྟན་འཇགས་ཡོང་བར་བྱེད། ཞིན་ཅང་ཡུན་རིང་དུ་འཛུགས་སྐྲུན་བྱེད་པ་བཅས་ཀྱི་བསམ་བློའི་རྨང་གཞི་དང་ཆབ་སྲིད་རྨང་གཞི་ཇེ་བརྟན་དུ་གཏོང་དགོས་ཟེར།

སུང་ཁྲུན་ལན་དང་ཀྲང་ཁྲུན་ཞན། ལིས་ཀྲན་ཧྲུའུ། ཏུའུ་ཆིན་ལིན། དབྱང་ཅིན། ཀའོ་ཧྲིན་ཁུང་བཅས་གྲོས་ཚོགས་སུ་ཞུགས།  །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།