ཀྲུང་གོ་བོད་ཀྱི་དྲ་བ།

ཀྲང་ཏི་ཅང་གིས་མགོ་འཛིན་བྱས་ཏེ་རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་སྲ་གཟུགས་གད་སྙིགས་ཀྱིས་ཁོར་ཡུག་བཙོག་བཟོ་བྱེད་པའི་བཅའ་ཁྲིམས་ཀྱི་ཁྲིམས་འཛིན་ཞིབ་བཤེར་ཚན་ཆུང་གི་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་བསྡུས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-09-20
ཡིག་གཟུགས། :ཆུང་། འབྲིང་། ཆེ།

张德江.jpg

ཟླ་དགུ་བའི་ཚེས་བཅུ་དགུ་ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ཀྲང་ཏི་ཅང་གིས་པེ་ཅིན་ནས་མགོ་འཛིན་བྱས་ཏེ་རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་སྲ་གཟུགས་གད་སྙིགས་ཀྱིས་ཁོར་ཡུག་བཙོག་བཟོ་བྱེད་པའི་བཅའ་ཁྲིམས་ཀྱི་ཁྲིམས་འཛིན་ཞིབ་བཤེར་ཚན་ཆུང་གི་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་བསྡུས་ནས། ཁྲིམས་འཛིན་ཞིབ་བཤེར་སྙན་ཞུ་ལ་ཞིབ་འཇུག་དང་བཟོ་བཅོས་བྱས།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ཀྲང་ཏི་ཅང་གིས་ཚེས་བཅུ་དགུ་ཉིན་མགོ་འཛིན་བྱས་ཏེ་རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་སྲ་གཟུགས་གད་སྙིགས་ཀྱིས་ཁོར་ཡུག་བཙོག་བཟོ་བྱེད་པའི་བཅའ་ཁྲིམས་ཀྱི་ཁྲིམས་འཛིན་ཞིབ་བཤེར་ཚན་ཆུང་གི་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་བསྡུས་ནས། ཁྲིམས་འཛིན་ཞིབ་བཤེར་སྙན་ཞུ་ལ་ཞིབ་འཇུག་དང་བཟོ་བཅོས་བྱས། ཚོགས་ཐོག་ནས་ཀྲང་ཏི་ཅང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་རབ་དང་རིམ་པའི་དགོངས་དོན་དང་རྒྱལ་སྐྱོང་སྲིད་འཛིན་གྱི་འདུ་ཤེས་གསར་བ་དང་བསམ་བློ་གསར་བ། འཐབ་ཇུས་གསར་བ་བཅས་ལག་ལེན་མཐར་ཕྱིན་བྱས་ནས། སྲ་གཟུགས་གད་སྙིགས་ཀྱིས་ཁོར་ཡུག་བཙོག་བཟོ་བྱེད་པའི་འགོག་བཅོས་བཅའ་ཁྲིམས་ནན་ཏན་སྒོས་ལག་ལེན་མཐར་ཕྱིན་བྱེད་པ་དང་། སྲ་གཟུགས་གད་སྙིགས་ཀྱིས་ཁོར་ཡུག་བཙོག་བཟོ་བྱེད་པའི་འགོག་བཅོས་བྱ་བ་བཟང་བོར་བསྒྲུབས་ཏེ། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ལ་ཁྱོན་ཡོངས་ནས་གཙིགས་འཛིན་བྱེད་པ་དང་། ཀྲུང་ཧྭ་མི་རིགས་རྒྱུན་མཐུད་སྒོས་འཕེལ་རྒྱས་སུ་གཏོང་བར་བྱས་རྗེས་བཟང་བོ་འཇོག་དགོས་ཞེས་ནན་གྱིས་བསྟན།

ཁྲིམས་འཛིན་ཞིབ་བཤེར་ཚན་ཆུང་གི་མི་སྣ་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་འབྲེལ་ཡོད་ལས་ཁུངས་ཀྱི་འགན་ཁུར་བའི་ཁྲིམས་འཛིན་ཞིབ་བཤེར་སྙན་ཞུའི་མ་ཡིག་སྐོར་གྱི་བསམ་འཆར་དང་གྲོས་གཞི་ལ་ཉན་རྗེས། ཀྲང་ཏི་ཅང་གིས་བཤད་རྒྱུར། ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་ཚུན་ལ། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་བློ་བརྟན་འགྱུར་མེད་སྒོས་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་བྱེད་པར་སྐུལ་འདེད་བཏང་སྟེ། མཛེས་སྡུག་གི་ཀྲུང་གོ་འཛུགས་སྐྲུན་བྱེད་པའི་ཐད་ལ་གོམ་སྟབས་གལ་ཆེན་ཞིག་སྤོས། སྲ་གཟུགས་གད་སྙིགས་ཀྱིས་ཁོར་ཡུག་བཙོག་བཟོ་བྱེད་པའི་འགོག་བཅོས་བཅའ་ཁྲིམས་ལག་བསྟར་བྱས་པའི་ཚུན་དང་། ཁྱད་པར་དུ་ཉེ་བའི་ལོ་འགའི་རིང་ལ། རང་རྒྱལ་གྱི་སྲ་གཟུགས་གད་སྙིགས་ཀྱིས་ཁོར་ཡུག་བཙོག་བཟོ་བྱེད་པའི་འགོག་བཅོས་བྱ་བའི་ཐད་ལ་འཕེལ་རྒྱས་ཆེན་པོ་བྱུང་སྟེ། ཁོར་ཡུག་སྲུང་སྐྱོབ་བྱེད་པའི་ཁྲིམས་ལུགས་ཀྱི་འདུ་ཤེས་ནུས་ཡོད་སྒོས་ཇེ་དྲག་ཏུ་གཏོང་བ་དང་། ཁྲིམས་ལུགས་ལག་བསྟར་བྱེད་པའི་རང་འགུལ་བྱ་སྤྱོད་ཇེ་ཆེར་གཏོང་བ། སྤྱིའི་ཁོར་ཡུག་གི་སྤུས་ཚད་ནུས་ཡོད་སྒོས་ཇེ་ལེགས་སུ་བཏང་ཡོད་ཟེར།

ཀྲང་ཏི་ཅང་གིས་ཕྱོགས་སོ་སོས་སྲ་གཟུགས་གད་སྙིགས་ཀྱིས་ཁོར་ཡུག་བཙོག་བཟོ་བྱེད་པའི་འགོག་བཅོས་བྱ་བའི་ཡུན་རིང་རང་བཞིན་དང་དཀའ་ཚེགས་རང་བཞིན་ལ་ངོས་འཛིན་གང་ལེགས་བྱས་ནས། འགོག་བཅོས་བྱ་བ་ཁྲིམས་སྐྱོང་ཅན་དང་ཚན་རིག་ཅན། ཁྱོན་ཡོངས་ཅན་བཅས་སུ་སྒྱུར་བའི་ཆུ་ཚད་རྒྱུན་ཆད་མེད་པར་མཐོར་འདེགས་སུ་གཏོང་དགོས་ཞེས་ནན་གྱིས་བསྟན། 

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།