ཀྲུང་གོ་བོད་ཀྱི་དྲ་བ།

ཀྲང་ཀའོ་ལིས་དང་ཨུ་རུ་སིའི་ཙུང་ལི་གཞོན་པ་གཉིས་ཀྱིས་ཀྲུང་དང་ཨུ་རུ་སིའི་ནུས་ཁུངས་མཉམ་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་བཅུ་བཞི་བ་བསྡུས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-09-21
ཡིག་གཟུགས། :ཆུང་། འབྲིང་། ཆེ།

张高丽1.jpg

ཟླ་དགུ་བའི་ཚེས་ཉི་ཤུ་ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ། ཀྲུང་གོ་དང་ཨུ་རུ་སིའི་ནུས་ཁུངས་མཉམ་ལས་ཨུ་ཡོན་ལྷན་ཁང་གི་ཀྲུང་གོ་ཕྱོགས་ཀྱི་ཀྲུའུ་ཞི་ཀྲང་ཀའོ་ལིས་ཀྱིས་པེ་ཅིན་ནས་ཨུ་རུ་སིའི་ཙུང་ལི་གཞོན་པ། ཨུ་ཡོན་ལྷན་ཁང་གི་ཨུ་རུ་སི་ཕྱོགས་ཀྱི་ཀྲུའུ་ཞི་ཏི་ཝོ་ཨར་ཁི་བེ་ཆི་དང་ཀྲུང་གོ་དང་ཨུ་རུ་སིའི་ནུས་ཁུངས་མཉམ་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་བཅུ་བཞི་བ་བསྡུས།

张高丽2.jpg

ཟླ་དགུ་བའི་ཚེས་ཉི་ཤུ་ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ། ཀྲུང་གོ་དང་ཨུ་རུ་སིའི་ནུས་ཁུངས་མཉམ་ལས་ཨུ་ཡོན་ལྷན་ཁང་གི་ཀྲུང་གོ་ཕྱོགས་ཀྱི་ཀྲུའུ་ཞི་ཀྲང་ཀའོ་ལིས་ཀྱིས་པེ་ཅིན་ནས་ཨུ་རུ་སིའི་ཙུང་ལི་གཞོན་པ། ཨུ་ཡོན་ལྷན་ཁང་གི་ཨུ་རུ་སི་ཕྱོགས་ཀྱི་ཀྲུའུ་ཞི་ཏི་ཝོ་ཨར་ཁི་བེ་ཆི་དང་ཀྲུང་གོ་དང་ཨུ་རུ་སིའི་ནུས་ཁུངས་མཉམ་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་བཅུ་བཞི་བ་བསྡུས།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ། ཀྲུང་གོ་དང་ཨུ་རུ་སིའི་ནུས་ཁུངས་མཉམ་ལས་ཨུ་ཡོན་ལྷན་ཁང་གི་ཀྲུང་གོ་ཕྱོགས་ཀྱི་ཀྲུའུ་ཞི་ཀྲང་ཀའོ་ལིས་ཀྱིས་ཚེས་ཉི་ཤུ་ཉིན་པེ་ཅིན་ནས་ཨུ་རུ་སིའི་ཙུང་ལི་གཞོན་པ། ཨུ་ཡོན་ལྷན་ཁང་གི་ཨུ་རུ་སི་ཕྱོགས་ཀྱི་ཀྲུའུ་ཞི་ཏི་ཝོ་ཨར་ཁི་བེ་ཆི་དང་ཀྲུང་གོ་དང་ཨུ་རུ་སིའི་ནུས་ཁུངས་མཉམ་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་བཅུ་བཞི་བ་བསྡུས།

ཀྲང་ཀའོ་ལིས་ཀྱིས་བཤད་རྒྱུར། ཀྲུའུ་ཞི་ཞི་ཅིན་ཕིང་དང་ཙུང་ཐུང་ཕུའུ་ཅིན་གཉིས་ཀྱིས་དངོས་སུ་ཐུགས་ཁུར་དང་སྐུལ་འདེད་བཏང་འོག ཀྲུང་གོ་དང་ཨུ་རི་སིའི་ནུས་ཁུངས་མཉམ་ལས་བརྟན་འཇགས་སྒོས་འཕེལ་རྒྱས་སུ་སོང་བར་མ་ཟད་རྒྱུན་ཆད་མེད་པར་གྲུབ་འབྲས་གསར་བ་བླངས་ཡོད། ཀྲུང་གོ་དང་ཨུ་སུ་རིའི་ནུས་ཁུངས་མཉམ་ལས་ཐད་ནས་བླངས་པའི་གཡུར་ཟ་བའི་གྲུབ་འབྲས་ཀྱིས་ཀྲུང་གོ་དང་ཨུ་རི་སི་གཉིས་ཀྱི་ཁྱོན་ཡོངས་ཀྱིི་འཐབ་ཇུས་མཉམ་ལས་གྲོགས་པོའི་འབྲེལ་བ་འཕེལ་རྒྱས་སུ་གཏོང་བར་སྟོབས་ཤུགས་ཆེན་པོ་བསྣན། ཕྱོགས་གཉིས་ཀྱིས་མུ་མཐུད་དུ་འབད་བརྩོན་བྱས་ཏེ། རྒྱལ་ཁབ་གཉིས་ཀྱི་ནུས་ཁུངས་མཉམ་ལས་ཐད་ནས་དོན་དངོས་ཀྱི་གྲུབ་འབྲས་སྔར་ལས་མང་པོ་ལེན་པར་སྐུལ་འདེད་གཏོང་བ་དང་། རྒྱལ་ཁབ་གཉིས་དར་རྒྱས་གོང་འཕེལ་དུ་གཏོང་བར་སྟོབས་ཤུགས་འབུལ་དགོས་ཟེར།

ཏི་ཝོ་ཨར་ཁི་བེ་ཆི་ཡིས་བཤད་རྒྱུར། ཨུ་རུ་སི་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་མཉམ་དུ་ནུས་ཁུངས་ཁྱབ་ཁོངས་དང་བཅས་པའི་ཁྱོན་ཡོངས་ཀྱི་མཉམ་ལས་ལ་གཙིགས་འཛིན་བྱས་ཏེ། ཕྱོགས་གཉིས་ཀྱི་ཉོ་ཚོང་དངུལ་གཏོང་མཉམ་ལས་བརྟན་འཇགས་སྒོས་འཕེལ་རྒྱས་སུ་གཏོང་འདོད་ཡོད་ཟེར།

གྲོས་ཚོགས་ཀྱི་སྐབས་སུ་ཕྱོགས་གཉིས་ཀྱིས་རང་བྱུང་སོལ་རླངས་དང་རྡོ་སྣུམ། གློག་ཤུགས། རྡོ་སོལ། ཉིང་རྡུལ་གློག་འདོན། ནུས་ཁུངས་གསར་བ་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་གཏིང་ཟབ་ཏུ་སྤེལ་བའི་ཐད་ནས་བསམ་འཆར་བརྗེ་རེས་བྱས།

གྲོས་ཚོགས་གྲོལ་རྗེས། ཀྲང་ཀའོ་ལིས་དང་ཏི་ཝོ་ཨར་ཁི་བེ་ཆི་གཉིས་ཀྱིས་ཀྲུང་གོ་དང་ཨུ་རུ་སིའི་ནུས་ཁུངས་མཉམ་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་བཅུ་བཞི་བའི་ཟིན་བྲིས་གནད་བསྡུས་སྟེང་མིང་བཀོད།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།