ཀྲུང་གོ་བོད་ཀྱི་དྲ་བ།

རྒྱལ་ཡོངས་སྲིད་གྲོས་ཀྱིས་པེ་ཅིན་ནས་གཟའ་འཁོར་གཉིས་ཀྱི་བཞུགས་མོལ་ཚོགས་འདུ་ཐེངས་དོན་བཞི་བ་བསྡུས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-09-22
ཡིག་གཟུགས། :ཆུང་། འབྲིང་། ཆེ།

834a6a34f5c8aad5f384ed834bedf011.jpg

ཟླ་དགུ་བའི་ཚེས་ཉེར་གཅིག་ཉིན་གྱི་ཕྱི་དྲོར། རྒྱལ་ཡོངས་སྲིད་གྲོས་ཀྱིས་པེ་ཅིན་ནས་གཟའ་འཁོར་གཉིས་ཀྱི་བཞུགས་མོལ་ཚོགས་འདུ་ཐེངས་དོན་བཞི་བ་བསྡུས་ཏེ། སྤྱོད་གཙང་སྲོལ་བཟང་གི་དྲ་རྒྱའི་བར་སྟོང་གསར་སྐྲུན་བྱེད་པར་དམིགས་ནས་བློ་འདོན་ཇུས་འབུལ་བྱས། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཡུས་ཀྲིན་ཧྲིན་གྱིས་གྲོས་ཚོགས་ལ་མགོ་འཛིན་བྱས་པར་མ་ཟད་གཏམ་བཤད།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ་དགུ་བའི་ཚེས་ཉེར་གཅིག་ཉིན་གྱི་ཕྱི་དྲོར། རྒྱལ་ཡོངས་སྲིད་གྲོས་ཀྱིས་པེ་ཅིན་ནས་གཟའ་འཁོར་གཉིས་ཀྱི་བཞུགས་མོལ་ཚོགས་འདུ་ཐེངས་དོན་བཞི་བ་བསྡུས་ཏེ། སྤྱོད་གཙང་སྲོལ་བཟང་གི་དྲ་རྒྱའི་བར་སྟོང་གསར་སྐྲུན་བྱེད་པར་དམིགས་ནས་བློ་འདོན་ཇུས་འབུལ་བྱས། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཡུས་ཀྲིན་ཧྲིན་གྱིས་གྲོས་ཚོགས་ལ་མགོ་འཛིན་བྱས་པར་མ་ཟད་གཏམ་བཤད།

ཚོགས་ཐོག་ཏུ་རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་ཀྲུའུ་ཡུང་ཞིན་དང་ཀའོ་མེ་ཆིན་སོགས་དང་ཆེད་མཁས་པ་དང་ཤེས་ཡོན་ཅན་མ་ཧྭ་ཐིན་དང་ཚོ་ཧྲི་ཆོན་སོགས་ཀྱིས་གཏམ་བཤད། 
ཨུ་ཡོན་ཁ་ཤས་ཀྱིས་གྲོས་གཞི་འགའ་བཏོན། གཅིག ཏང་གི་མགོ་ཁྲིད་ལ་ཤུགས་སྣོན་དགོས། གཉིས། དྲ་ངོས་ཀྱི་དྲང་ཚད་ནུས་པ་ཇེ་ཆེར་གཏོང་དགོས། གསུམ། སྨྱན་བྱད་གཙོ་བོས་དྲ་རྒྱའི་དུས་རབས་ཀྱི་འཕེལ་རྒྱས་དང་མཐུན་པར་བྱེད་པ་དང་། སྲོལ་རྒྱུན་སྨྱན་བྱད་དང་སྨྱན་བྱད་གསར་བ་མཉམ་བསྲེས་བྱེད་པར་ཤུགས་བསྣན་ཏེ། ཕན་ཚུན་སྐུལ་བའི་རྐྱེན་སྲོལ་འཛུགས་པ་དང་དྲ་ངོས་ཀྱི་གནད་དོན་གཙོ་བོ་དམིགས་ནས་ལུགས་མཐུན་སྒོས་ཐག་གཅོད་དགོས། བཞི། དྲ་རྒྱའི་བཅའ་ཁྲིམས་དང་ཁྲིམས་སྲོལ། སྒྲིག་སྲོལ་བཅས་ཀྱི་འཛུགས་སྐྲུན་ལ་ཤུགས་བསྣན་ཏེ་ཧུར་ཐག་སྒོས་དྲ་རྒྱའི་བར་སྟོང་ཁྲིམས་སྐྱོང་ཅན་དུ་བསྒྱུར་བར་སྐུལ་འདེད་གཏོང་དགོས། ལྔ། གནད་འགག་ལག་རྩལ་བཀོལ་བ་དང་ལེགས་སྒྱུར་བྱེད་པར་ཤུགས་བསྣན་ནས་སྲོག་ཤིང་ལག་རྩལ་ཐད་ནས་གྲུབ་འབྲས་གསར་བ་ལེན་དགོས་ཟེར།

ཚོགས་ཐོག་ཏུ་ཨུ་ཡོན་ཁ་ཤས་ཀྱིས་ད་དུང་ནར་མ་སོན་པའི་བྱིས་པའི་བདེ་འཇགས་དྲ་འཇུག་སློབ་གསོར་ཤུགས་སྣོན་པ་དང་དྲ་རྒྱའི་རྒྱལ་སྤྱིའི་བརྒྱུད་གཏོང་ནུས་པའི་འཛུགས་སྐྲུན་ལ་ཤུགས་སྣོན་པ། མཉམ་འབྲེལ་དྲ་རྒྱའི་དངུལ་རྩའི་དོ་དམ་ལ་ཤུགས་སྣོན་པ་སོགས་གནད་དོན་ཐད་ལ་བསམ་འཆར་དང་གྲོས་གཞི་བཏོན་པ་དང་། ཡུར་ཀྲིན་ཧྲིན་གྱིས་ཁོ་ཚོའི་བསམ་འཆར་དང་གྲོས་གཞི་ལ་ནན་ཏན་སྒོས་ཉན་ཞོར་དུ་ཚང་མ་དང་ལྷན་དུ་བསམ་འཆར་བརྗེ་རེས་བྱས།

རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཀྲང་ཆིན་ལིས་དང་ལིས་ཧེ་ཧྥུན། ལུའུ་ཀྲན་ཀུང་། ཁྲིན་ཞོ་ཀོང་བཅས་བཞུགས་མོལ་ཚོགས་འདུར་ཞུགས།   །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།