ཀྲུང་གོ་བོད་ཀྱི་དྲ་བ།

ཀྲུང་དབྱང་དྲིལ་སྒྲོག་པུའུ་ཡིས་ཕྱི་རྒྱལ་དུ་སྡོད་པའི་ཀྲུང་དབྱང་སྨྱན་བྱད་ལས་ཁུངས་ཀྱི་ཕྱི་ཕྱོགས་དྲིལ་སྒྲོག་བྱ་བའི་བཞུགས་མོལ་ཚོགས་འདུ་བསྡུས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-09-22
ཡིག་གཟུགས། :ཆུང་། འབྲིང་། ཆེ།

2bb082f5a93f156f44ab92a378bcf1aa.jpg

ཟླ་དགུ་བའི་ཚེས་ཉེར་གཅིག་ཉིན། ཀྲུང་དབྱང་དྲིལ་སྒྲོག་པུའུ་ཡིས་པེ་ཅིན་ནས་ཕྱི་རྒྱལ་དུ་སྡོད་པའི་ཀྲུང་དབྱང་སྨྱན་བྱད་ལས་ཁུངས་ཀྱི་ཕྱི་ཕྱོགས་དྲིལ་སྒྲོག་བྱ་བའི་བཞུགས་མོལ་ཚོགས་འདུ་བསྡུས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན། ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི། ཀྲུང་དབྱང་དྲིལ་སྒྲོག་པུའུ་ཡི་པུའུ་ཀྲང་ལིག་ཆི་པའོ་བཞུགས་མོལ་ཚོགས་འདུར་ཞུགས་པར་མ་ཟད་གཏམ་བཤད། 

e3aeced76b3166dfdc189ef006119e69.jpg

ཟླ་དགུ་བའི་ཚེས་ཉེར་གཅིག་ཉིན། ཀྲུང་དབྱང་དྲིལ་སྒྲོག་པུའུ་ཡིས་པེ་ཅིན་ནས་ཕྱི་རྒྱལ་དུ་སྡོད་པའི་ཀྲུང་དབྱང་སྨྱན་བྱད་ལས་ཁུངས་ཀྱི་ཕྱི་ཕྱོགས་དྲིལ་སྒྲོག་བྱ་བའི་བཞུགས་མོལ་ཚོགས་འདུ་བསྡུས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན། ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི། ཀྲུང་དབྱང་དྲིལ་སྒྲོག་པུའུ་ཡི་པུའུ་ཀྲང་ལིག་ཆི་པའོ་བཞུགས་མོལ་ཚོགས་འདུར་ཞུགས་པར་མ་ཟད་གཏམ་བཤད། 

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ9བའི་ཚེས21ཉིན། ཀྲུང་དབྱང་དྲིལ་སྒྲོག་པུའུ་ཡིས་པེ་ཅིན་ནས་ཕྱི་རྒྱལ་དུ་སྡོད་པའི་ཀྲུང་དབྱང་སྨྱན་བྱད་ལས་ཁུངས་ཀྱི་ཕྱི་ཕྱོགས་དྲིལ་སྒྲོག་བྱ་བའི་བཞུགས་མོལ་ཚོགས་འདུ་བསྡུས།ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན། ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི། ཀྲུང་དབྱང་དྲིལ་སྒྲོག་པུའུ་ཡི་པུའུ་ཀྲང་ལིག་ཆི་པའོ་བཞུགས་མོལ་ཚོགས་འདུར་ཞུགས་པར་མ་ཟད་གཏམ་བཤད།

ལིག་ཆི་པའོ་ཡིས་ཕྱི་རྒྱལ་དུ་སྡོད་པའི་ཀྲུང་དབྱང་སྨྱན་བྱད་ལས་ཁུངས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་རབ་དང་རིམ་པའི་དགོངས་དོན་དང་ཁྱད་པར་དུ་ཏང་ཀྱི་གསར་འགྱུར་གླེང་ཕྱོགས་བྱ་བའི་སྐོར་གྱི་རྒྱས་བཤད་གལ་ཆེན་ལ་སློབ་སྦྱོང་ནན་མོ་དང་ལག་ལེན་མཐར་་ཕྱིན་བྱས་ནས། ང་ཚོ་ཏང་གི་སྲིད་སྐྱོང་འདུ་ཤེས་དང་རྒྱལ་སྐྱོང་བྱེད་ཕྱོགས་གང་ལེགས་སྒོས་དྲིལ་སྒྲོག་དང་མཚམས་སྦྱོར་བྱེད་པ་དང་། ཀྲུང་གོའི་གྲུབ་འབྲས་དང་ཀྲུང་གོའི་བྱས་རྗེས་གང་ལེགས་སྒོས་དྲིལ་སྒྲོག་དང་མཚམས་སྦྱོར་བྱས་ཏེ། ཀྲུང་གོ་གུང་ཁྲན་ཏང་དང་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་གཏམ་རྒྱུད་ཧུར་ཐག་སྒོས་བརྗོད་ནས། ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་བ་རྒྱལ་ཁའི་ངང་བསྡུ་བར་རྒྱལ་སྤྱིའི་གླེང་ཕྱོགས་ཁོར་ཡུག་བཟང་བོ་སྐྲུན་དགོས་ཞེས་ནན་གྱིས་བཤད།

ལིག་ཆི་པའོ་ཡིས་བཤད་རྒྱུར། ཕྱི་རྒྱལ་དུ་སྡོད་པའི་ཀྲུང་དབྱང་སྨྱན་བྱད་ལས་ཁུངས་དེ་ཕྱི་ཕྱོགས་དྲིལ་སྒྲོག་བྱ་བའི་འཐབ་ཕྱོགས་དང་པོར་གནས་ཡོད་ལ། ཀྲུང་གོ་དང་ཕྱི་རྒྱལ་བར་འབྲེལ་འདྲིས་དང་རྒྱུས་ལོན་བྱེད་པའི་ཐད་ཐུན་མོང་མ་ཡིན་པའི་ནུས་པ་གལ་ཆེན་ཡང་ལྡན་པས། སྟོབས་ཤུགས་ཡོད་རྒུ་བཏོན་ནས་ཀྲུང་གོའི་རྒྱལ་སྤྱིའི་སྟེང་གི་ཤུགས་རྐྱེན་ནུས་པ་ཇེ་ཆེར་གཏོང་བ་དང་། རྒྱལ་སྤྱིའི་གནད་དོན་ཐད་ཀྱི་ཀྲུང་གོའི་ལངས་ཕྱོགས་མཚོན་པར་བྱེད་དགོས་ལ། ཀྲུང་གོའི་འཛམ་གླིང་ཞི་བདེའི་འཛུགས་སྐྲུན་མཁན་དང་འཛམ་གླིང་འཕེལ་རྒྱས་ཀྱི་བྱས་རྗེས་འཇོག་མཁན། རྒྱལ་སྤྱིའི་སྒྲིག་ལམ་གྱི་སྲུང་སྐྱོབ་མཁན་བཅས་ཀྱི་སྣང་བརྙན་བཟང་བོ་ངོམ་པར་བྱེད་དགོས་ཟེར།    །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།