ཀྲུང་གོ་བོད་ཀྱི་དྲ་བ།

ཀྲུང་གུང་ཀྲུང་དབྱང་གཞུང་སྒྲུབ་ཐིན་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་སྒྲུབ་ཐིན་གཉིས་ཀྱིས«ཁོར་ཡུག་ལྟ་ཞིབ་ཚད་ལེན་བཅོས་སྒྱུར་ཟབ་སྤེལ་བྱས་ཏེ་ཁོར་ཡུག་ལྟ་ཞིབ་ཚད་ལེན་གཞི་གྲངས་སྤུས་ཚད་ཇེ་མཐོར་གཏོང་བའི་སྐོར་གྱི་བསམ་འཆར»འགྲེམ་སྤེལ་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-09-23
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གུང་ཀྲུང་དབྱང་གཞུང་སྒྲུབ་ཐིན་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་སྒྲུབ་ཐིན་གཉིས་ཀྱིས་ཉེ་ལམ«ཁོར་ཡུག་ལྟ་ཞིབ་ཚད་ལེན་བཅོས་སྒྱུར་ཟབ་སྤེལ་བྱས་ཏེ་ཁོར་ཡུག་ལྟ་ཞིབ་ཚད་ལེན་གཞི་གྲངས་སྤུས་ཚད་ཇེ་མཐོར་གཏོང་བའི་སྐོར་གྱི་བསམ་འཆར»འགྲེམ་སྤེལ་བྱས།

 «བསམ་འཆར»ལས་བསྟན་དོན། རྐྱེན་སྲོལ་གསར་སྐྲུན་དང་ཁྲིམས་སྲོལ་ཆ་ཚང་དུ་གཏོང་བ་དང་། བྱེད་ཐབས་སྣ་ཚོགས་གཏན་འཁེལ་བྱེད་དགོས་ལ། ཕྱོགས་བསྡུས་འགོག་སྲུང་བྱེད་པ་དང་འགན་འཁྲི་གཏན་འཁེལ་གསལ་བོ་བྱེད་དགོས་པར་མ་ཟད་ལྟ་སྐུལ་དོ་དམ་ནུས་པ་ཇེ་ཆེར་གཏོང་དགོས། རང་རྒྱལ་གྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཀྱི་དགོས་མཁོ་ལ་རྐང་བཙུགས་ཏེ་ཁྲིམས་ལྟར་ལྟ་ཞིབ་ཚད་ལེན་བྱེད་པ་དང་ཚན་རིག་དང་མཐུན་པར་ལྟ་ཞིབ་ཚད་ལེན་བྱེད་པ་རྒྱུན་འཁྱོངས་བྱེད་དགོས་ལ། ཁོར་ཡུག་ལྟ་ཞིབ་ཚད་ལེན་བཅོས་སྒྱུར་ཟབ་སྤེལ་བྱས་ཏེ། ཉིས་སྟོང་ཉི་ཤུ་ལོའི་བར་དུ་ཁོར་ཡུག་ལྟ་ཞིབ་ཚད་ལེན་གྱི་གཞི་གྲངས་སྤུས་ཚད་འགན་སྲུང་བྱེད་པའི་འགན་འཁྲིའི་མ་ལག་ཁྱོན་ཡོངས་ནས་འཛུགས་པ་དང་ཁོར་ཡུག་ལྟ་ཞིབ་ཚད་ལེན་གྱི་སྤུས་ཚད་དོ་དམ་ལམ་ལུགས་འཐུས་ཚང་དུ་གཏོང་དགོས་ལ། ཁོར་ཡུག་ལྟ་ཞིབ་ཚད་ལེན་གཞི་གྲངས་རྫུན་བཟོ་བྱེད་པ་འགོག་སྲུང་དང་ཆད་པ་གཅོད་པའི་རྐྱེན་སྲོལ་བཙུགས་ཏེ། ཁོར་ཡུག་ལྟ་ཞིབ་ཚད་ལེན་ལས་ཁུངས་དང་མི་སྣས་དྲང་བཞག་སྒོས་བྱ་བ་བསྒྲུབ་པ་འགན་སྲུང་བྱེད་པ་དང་ཁོར་ཡུག་ལྟ་ཞིབ་ཚད་ལེན་གཞི་གྲངས་ཡང་དག་པ་དང་ངོ་མ་ཡིན་པ་འགན་སྲུང་བྱེད་དགོས་ཟེར། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།