ཀྲུང་གོ་བོད་ཀྱི་དྲ་བ།

ལིས་ཁི་ཆང་གིས་ཧང་ཀྲིག་ནས་ཚོགས་པའི་ཀྲུང་གོ་དང་ཡོ་རོབ་གླིང་དབུས་ཤར་རྒྱལ་ཁབ་ཀྱི་རིག་གནས་མཉམ་ལས་པུའུ་ཀྲང་གླེང་སྟེགས་སྐབས་གསུམ་པར་རྟེན་འབྲེལ་ཞུ་བའི་འཕྲིན་ཡིག་བསྐུར།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-09-23
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ་དགུ་བའི་ཚེས་ཉེར་གཉིས་ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་ཧང་ཀྲིག་ནས་ཚོགས་པའི་ཀྲུང་གོ་དང་ཡོ་རོབ་གླིང་དབུས་ཤར་རྒྱལ་ཁབ་ཀྱི་རིག་གནས་མཉམ་ལས་པུའུ་ཀྲང་གླེང་སྟེགས་སྐབས་གསུམ་པར་རྟེན་འབྲེལ་ཞུ་བའི་འཕྲིན་ཡིག་བསྐུར།

ལིས་ཁི་ཆང་གིས་རྟེན་འབྲེལ་ཞུ་བའི་འཕྲིན་ཡིག་ནང་བསྟན་དོན། ཀྲུང་གོ་དང་ཡོ་རོབ་གླིང་དབུས་ཤར་རྒྱལ་ཁབ་བར་དུ་མཉམ་ལས་བྱས་ཏེ་ལོ་ལྔའི་རིང་ལ་གྲུབ་འབྲས་བཟང་བོ་ཐོབ་པ་དང་རྒྱལ་ཁབ་སོ་སོའི་མི་དམངས་ལ་ཁེ་ཕན་གང་མང་བསྐྲུན། ཐེངས་འདིའི་གླེང་སྟེགས་སྟེང་རིག་གནས་དང་བརྗེ་རེས། མཉམ་ལས། མཉམ་སྤྱོད་བཅས་བརྗོད་དོན་གཙོ་བོ་བྱས་ཏེ་བློ་བསྡུས་དགེ་འཚོལ་བྱེད་པ་དང་ཕན་ཚུན་ལ་ཡར་སྐུལ་བྱས་ནས་ཐུན་མོང་གི་ལྟ་ཚུལ་གཅིག་སྡུད་བྱེད་དགོས་ལ། རིག་གནས་བརྗེ་རེས་ཀྱི་བྱེད་ཐབས་གསར་བ་དང་རྣམ་པ་གསར་བ། སྟེགས་བུ་གསར་བར་འཚོལ་ཞིབ་དང་འཐུས་ཚང་དུ་གཏོང་བ་དང་། བརྗེ་རེས་ཆུ་ཚད་ཇེ་མཐོར་གཏོང་བ་དང་ནང་དོན་ཕུན་སུམ་ཚོགས་པར་གཏོང་དགོས་པར་མ་ཟད། ཐེངས་འདིའི་གླེང་སྟེགས་གོ་སྐབས་སུ་བཟུང་སྟེ་རྒྱལ་ཁབ་སོ་སོའི་བར་དུ་འབྲེལ་འདྲིས་ཟབ་མོ་བྱེད་པ་དང་མཛའ་བཤེས་ཇེ་ཟབ་ཏུ་གཏོང་དགོས་ལ། ཀྲུང་གོ་དང་ཡོ་རོབ་གླིང་བར་གྱི་འབྲེལ་བ་སྔར་ལས་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་དགོས་ཟེར།

ཀྲུང་གོ་དང་ཡོ་རོབ་གླིང་དབུས་ཤར་རྒྱལ་ཁབ་ཀྱི་རིག་གནས་མཉམ་ལས་པུའུ་ཀྲང་གླེང་སྟེགས་དེ་ལོ་གཉིས་ཀྱི་ནང་དུ་ཐེངས་གཅིག་ལ་སྒྲུབ་བཞིན་ཡོད་པ་དང་། སྐབས་འདིའི་གླེང་སྟེགས་དེ་རིག་གནས་པུའུ་དང་ཀྲེ་ཅང་ཞིང་ཆེན་མི་དམངས་སྲིད་གཞུང་གཉིས་ཀྱིས་མཉམ་འབྲེལ་སྒོས་བསྒྲུབས་པ་རེད། །
 

རྩོམ་སྒྲིག་པ། : ཀླུ་མོ་མཚོ།