ཀྲུང་གོ་བོད་ཀྱི་དྲ་བ།

ཝང་ཡང་གིས་ཞིང་ལས་འཕེལ་རྒྱས་ཀྱི་རྣམ་པ་མྱུར་དུ་བསྒྱུར་ནས་ཞིང་ལས་ཐོན་སྤེལ་བྱེད་པ་དང་ཞིང་བའི་ཡོང་སྒོ་ཇེ་མང་དུ་གཏོང་དགོས་ཞེས་བསྟན།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-09-24
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཡོངས་ཞིང་སྡེའི་ཐོན་ལས་འཆམ་མཐུན་འཕེལ་རྒྱས་ཀྱི་ཡུལ་དངོས་གྲོས་ཚོགས་ཟླ་དགུ་བའི་ཚེས་ཉེར་གཉིས་ཉིན་ནང་སོག་རང་སྐྱོང་ལྗོངས་ཀྱི་པ་ཡན་ནིའོ་ཨར་ནས་བསྡུས། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཝང་ཡང་གྲོས་ཚོགས་སུ་ཞུགས་པར་མ་ཟད་གཏམ་བཤད།

ཁོས་ནན་གྱིས་བཤད་རྒྱུར། ཞིང་སྡེའི་ཐོན་ལས་དང་པོ་དང་གཉིས་པ། གསུམ་པ་བཅས་འཆམ་མཐུན་སྒོས་འཕེལ་རྒྱས་སུ་གཏོང་རྒྱུ་ནི་ཞིང་ལས་འཕེལ་རྒྱས་ཀྱི་རྣམ་པ་མྱུར་དུ་བསྒྱུར་བ་དང་། ཞིང་ལས་འདོན་སྤྲོད་ཕྱོགས་ཀྱི་སྒྲིག་གཞི་རང་བཞིན་གྱི་བཅོས་སྒྱུར་ལ་སྐུལ་འདེད་གཏོང་བའི་བྱེད་ཐབས་གལ་ཆེན་ཡིན་ལ། མཁར་གྲོང་འཕེལ་རྒྱས་གཞི་གཅིག་ཅན་དུ་སྒྱུར་བ་དང་དེང་རབས་ཅན་འཛུགས་སྐྲུན་ལ་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་བའི་བྱེད་ཐབས་གལ་ཆེན་ཡང་ཡིན་པས། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཇུས་ཆོད་དང་བཀོད་སྒྲིག་ནན་ཏན་སྒོས་ལག་ལེན་མཐར་ཕྱིན་བྱས་ནས། འཕེལ་རྒྱས་ཀྱི་འདུ་ཤེས་གསར་བས་ཁྲིད་སྟོན་བྱེད་པ་དང་། ཚོང་རའི་དགོས་མཁོ་ཁ་ཕྱོགས་སུ་བརྩིས་ནས། སྟོབས་ཤུགས་ཡོད་རྒུ་བཏོན་ཏེ་ཞིང་ལས་དང་ཐོན་ལས་གཉིས་པ་དང་གསུམ་པ་བཅས་མཉམ་བསྲེས་དང་འཆམ་མཐུན་ཡོང་བར་བྱེད་པའི་དེང་རབས་ཐོན་ལས་མ་ལག་འཛུགས་སྐྲུན་བྱས་ནས། རྒྱལ་དམངས་དཔལ་འབྱོར་རྒྱུན་མཐུད་དང་བདེ་བླག་སྒོས་འཕེལ་རྒྱས་སུ་གཏོང་བ་དང་འབྱོར་འབྲིང་སྤྱི་ཚོགས་ཁྱོན་ཡོངས་ནས་འགྲུབ་པར་བྱེད་པར་རྒྱབ་རྟེན་གལ་ཆེན་འདོན་སྤྲོད་བྱེད་དགོས་ཟེར།

ཝང་ཡང་གིས་ཞིང་སྡེའི་ཐོན་ལས་འཆམ་མཐུན་འཕེལ་རྒྱས་ཐད་ནས་བླངས་པའི་གྲུབ་འབྲས་བཟང་བོར་ཁས་ལེན་གང་ལེགས་བྱས། ཁོས་ཇུས་འགོད་སྣེ་ཁྲིད་དང་སྲིད་ཇུས་རྒྱབ་སྐྱོར། ཞབས་ཕྱིའི་འགན་སྲུང་། ཚོང་རའི་ལྟ་སྐུལ་དོ་དམ། ཚོད་ལྟའི་དཔེ་སྟོན་བཅས་ལ་གཙིགས་འཛིན་བྱས་ནས། ཞིང་སྡེའི་ཐོན་ལས་འཆམ་མཐུན་སྒོས་འཕེལ་རྒྱས་སུ་གཏོང་བར་ཕན་ཡོད་ཁོར་ཡུག་ཧུར་ཐག་སྒོས་སྐྲུན་དགོས་ཞེས་ནན་གྱིས་བསྟན། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།