ཀྲུང་གོ་བོད་ཀྱི་དྲ་བ།

མིན་ཅན་ཀྲུའུ་ཡིས་རྒྱལ་ཡོངས་ཀྱི་ཆེས་བཟང་བའི་ཉེན་རྟོག་པ་བརྒྱར་ཐུག་འཕྲད་བྱེད་སྐབས་ནག་ཉེས་ཆམ་ཕབ་གཏོང་བ་དང་མི་དམངས་ལ་སྲུང་སྐྱོབ་བྱེད་པའི་ནུས་པ་ཇེ་ཆེར་གཏོང་དགོས་ཞེས་ནན་གྱིས་བཤད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-09-24
ཡིག་གཟུགས། :ཆུང་། འབྲིང་། ཆེ།

1.jpg

ཟླ་དགུ་བའི་ཚེས་ཉེར་གཉིས་ཉིན། རྒྱལ་ཡོངས་ཀྱི་ཆེས་བཟང་བའི་སྤྱི་བདེ་ཉེན་རྟོག་པ་བརྒྱར་འདེམ་བསྐོ་བྱེད་པའི་བྱ་འགུལ་གྱི་མཇུག་འབྲས་ཁྱབ་སྒྲོག་བྱེད་པའི་མཛད་སྒོ་པེ་ཅིན་ནས་བསྡུས། ཀྲུང་གུང་ཀྲུང་ཀྲུང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན། ཀྲུང་དབྱང་སྲིད་ཁྲིམས་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་མིན་ཅན་ཀྲུའུ་ཡིས་བདམས་ཐོན་བྱུང་བའི་མི་དམངས་ཉེན་རྟོག་པར་ཐུག་འཕྲད་བྱས་པར་མ་ཟད་བྱ་འགུལ་གྱི་མཇུག་འབྲས་ཁྱབ་སྒྲོག་བྱེད་པའི་མཛད་སྒོ་ལ་བལྟས། རྒྱལ་སྲིད་ཨུ་ཡོན། སྤྱི་བདེ་པུའུ་ཡི་པུའུ་ཀྲང་ཀའོ་ཧྲིན་ཁུང་ཐུག་འཕྲད་ལ་ཞུགས་པར་མ་ཟད་བྱ་འགུལ་གྱི་མཇུག་འབྲས་ཁྱབ་སྒྲོག་བྱེད་པའི་མཛད་སྒོ་ལ་བལྟས། 

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཡོངས་ཀྱི་ཆེས་བཟང་བའི་སྤྱི་བདེ་ཉེན་རྟོག་པ་བརྒྱར་འདེམ་བསྐོ་བྱེད་པའི་བྱ་འགུལ་གྱི་མཇུག་འབྲས་ཁྱབ་སྒྲོག་བྱེད་པའི་མཛད་སྒོ་ཟླ་དགུ་བའི་ཚེས་ཉེར་གཉིས་ཉིན་པེ་ཅིན་ནས་བསྡུས། ཀྲུང་གུང་ཀྲུང་ཀྲུང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན། ཀྲུང་དབྱང་སྲིད་ཁྲིམས་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་མིན་ཅན་ཀྲུའུ་ཡིས་བདམས་ཐོན་བྱུང་བའི་མི་དམངས་ཉེན་རྟོག་པར་ཐུག་འཕྲད་བྱས་པར་མ་ཟད་བྱ་འགུལ་གྱི་མཇུག་འབྲས་ཁྱབ་སྒྲོག་བྱེད་པའི་མཛད་སྒོ་ལ་བལྟས། མིན་ཅན་ཀྲུའུ་ཡིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་རབ་དང་རིམ་པའི་དགོངས་དོན་ལ་སློབ་སྦྱོང་ནན་མོ་བྱེད་པ་དང་ལག་ལེན་མཐར་ཕྱིན་བྱས་ནས། འགན་འཁྲི་ལ་བློ་དཀར་བ་དང་ཁག་ཁུར་བྱེད་ཕོད། སྒེར་སེམས་མེད་པར་བྱས་རྗེས་འབུལ་བ་བཅས་བྱས་ནས། གནས་བབ་གསར་བའི་འོག་ནག་ཉེས་ལ་ཆམ་ཕབ་གཏོང་བ་དང་མི་དམངས་ལ་ཞབས་ཕྱི་སྒྲུབ་པའི་ནུས་པ་དང་ཆུ་ཚད་རྒྱུན་ཆད་མེད་པར་མཐོར་འདེགས་སུ་བཏང་སྟེ། བྱས་རྗེས་ཁྱད་དུ་འཕགས་པས་ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་བ་རྒྱལ་ཁའི་ངང་བསྡུ་བར་བསུ་བ་བྱེད་དགོས་ཞེས་ནན་གྱིས་བསྟན། 

མིན་ཅན་ཀྲུའུ་ཡིས་བཤད་རྒྱུར། གནས་བབ་གསར་བ་དང་ལས་འགན་གསར་བའི་མདུན་དུ། དེང་རབས་ཚན་རྩལ་གྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ། སྟོབས་ཤུགས་ལེགས་སྒྲིག་བྱེད་པ་དང་ལམ་ལུགས་གསར་གཏོད་བྱས་ནས། ཆེད་ལས་ཅན་ཀྱི་ཆུ་ཚད་ཀྱིས་ལས་འགན་ལ་བརྟེན་ནས་ནག་ཉེས་བཟོ་བར་ཆབ་ཕབ་དྲག་པོ་གཏོང་དགོས་ཟེར།

རྒྱལ་སྲིད་ཨུ་ཡོན། སྤྱི་བདེ་པུའུ་ཡི་པུའུ་ཀྲང་ཀའོ་ཧྲིན་ཁུང་ཐུག་འཕྲད་ལ་ཞུགས་པར་མ་ཟད་བྱ་འགུལ་གྱི་མཇུག་འབྲས་ཁྱབ་སྒྲོག་བྱེད་པའི་མཛད་སྒོ་ལ་བལྟས། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།