ཀྲུང་གོ་བོད་ཀྱི་དྲ་བ།

«ཞི་ཅིན་ཕིང་གིས་རྒྱལ་སྐྱོང་སྲིད་སྐོར་གླེང་བ»ཞེས་པའི་དབྱི་ཐ་ལི་དང་ཨར་པ་ནི་ཡའི་ཡིག་རིགས་ཀྱི་དཔེ་དེབ་རོ་མ་དང་ཐི་ར་ན་ནས་སོ་སོར་ཐོག་མར་འགྲེམ་སྤེལ་བྱེད་པའི་མཛད་སྒོ་བསྡུས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-09-24
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཉེ་ལམ། «ཞི་ཅིན་ཕིང་གིས་རྒྱལ་སྐྱོང་སྲིད་འཛིན་སྐོར་གླེང་བ»ཞེས་པའི་དབྱི་ཐ་ལི་དང་ཨར་པ་ནི་ཡའི་ཡིག་རིགས་ཀྱི་དཔེ་དེབ་ཐོག་མར་འགྲེམ་སྤེལ་བྱེད་པའི་མཛད་སྒོ་རོ་མ་དང་ཐི་ར་ན་ནས་སོ་སོར་ཐོག་མར་འགྲེམ་སྤེལ་བྱས། རྒྱལ་ཁབ་གཉིས་ཀྱི་མགོ་གཙོས་དཔེ་དེབ་ཐོག་མར་འགྲེམ་སྤེལ་བྱེད་པའི་མཛད་སྒོའི་སྟེང་བཤད་རྒྱུར། ཀྲུའུ་ཞི་ཞི་ཅིན་ཕིང་གིས་དཔེ་བདེ་དེའི་ནང་ཀྲུང་གོའི་མདུན་སྐྱོད་ཀྱི་བགྲོད་ལམ་དང་འཕེལ་རྒྱས་ཀྱི་རྣམ་པ་རྒྱས་བཤད་ཟབ་མོ་བྱས་པར་མ་ཟད། བཅོས་སྒྱུར་ཟབ་སྤེལ་བྱེད་པ་དང་རྒྱུན་མཐུད་སྒོས་འཕེལ་རྒྱས་སུ་གཏོང་བ། རུལ་སུངས་ལ་ཁྲིམས་ཐག་གཅོད་པ། ཕྱི་འབྲེལ་སྲིད་ཇུས་བཅས་ཐད་ནས་བློ་གྲོས་ལྡན་པའི་ཀྲུང་གོའི་ཇུས་གཞི་རབ་དང་རིམ་པ་གཏན་འཁེལ་བྱས་ཏེ། རྒྱལ་ཁབ་སོ་སོས་དར་སློབ་སྦྱོང་ནན་མོ་བྱེད་པར་ཕན་ཐོག་ཡོད་ཟེར།

«ཞི་ཅིན་ཕིང་གིས་རྒྱལ་སྐྱོང་སྲིད་འཛིན་སྐོར་གླེང་བ»ཞེས་པའི་དཔེ་དེབ་ནང་ཀྲུའུ་ཞི་ཞི་ཅིན་ཕིང་གི་2012ལོའི་ཟླ་བཅུ་གཅིག་པ་ནས་2014ལོའི་ཟླ་དྲུག་པའི་བར་གྱི་གཏམ་བཤད་དང་གླེང་མོལ། མཆན་བཀོད་མཛུབ་སྟོན། རྟེན་འབྲེལ་འཕྲིན་ཡིག་སོགས་བསྡོམས་པས་རྩོམ་ཡིག་དོན་དགུ་འདུས་ཡོད། མིག་སྔའི་བར་དུ་དཔེ་དེབ་དེ་ཡིག་རིགས་ཉེར་གསུམ་དུ་བསྒྱུར་ནས། འཛམ་གླིང་གི་རྒྱལ་ཁབ་དང་ས་ཁུལ་བརྒྱ་དང་རེ་དྲུག་ཏུ་དཔེ་དེབ་ས་ཡ་དྲུག་དང་འབུམ་ལྔ་འགྲེམ་སྤེལ་བྱས། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།