ཀྲུང་གོ་བོད་ཀྱི་དྲ་བ།

ཀྲུང་གུང་ཀྲུང་དབྱང་གཞུང་སྒྲུབ་ཐིན་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་སྒྲུབ་ཐིན་གཉིས་ཀྱིས«སློབ་གསོའི་སྒྲིག་སྲོལ་རྐྱེན་སྲོལ་བཅོས་སྒྱུར་ཟབ་སྤེལ་བྱེད་པའི་སྐོར་གྱི་བསམ་འཆར»འགྲེམ་སྤེལ་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-09-25
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གུང་ཀྲུང་དབྱང་གཞུང་སྒྲུབ་ཐིན་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་སྒྲུབ་ཐིན་གཉིས་ཀྱིས་ཉེ་ལམ«སློབ་གསོའི་སྒྲིག་སྲོལ་རྐྱེན་སྲོལ་བཅོས་སྒྱུར་ཟབ་སྤེལ་བྱེད་པའི་སྐོར་གྱི་བསམ་འཆར»འགྲེམ་སྤེལ་བྱས། བསམ་འཆར་ལས་བསྟན་དོན། ཀྲུང་གོར་རྐང་ཚུགས་པ་དང་ཕྱི་རྒྱལ་དུ་རྒྱུན་འཁོར་བྱེད་པ་ཟུང་འབྲེལ་བྱེད་པ་རྒྱུན་འཁྱོངས་བྱེད་དགོས་པ་དང་། དམིགས་འབེན་ཁྲིད་ཕྱོགས་དང་གནད་དོན་ཁྲིད་ཕྱོགས་ཟུང་འབྲེལ་བྱེད་པ་རྒྱུན་འཁྱོངས་བྱེད་དགོས་ལ། དབང་གཏོང་དོ་དམ་དང་ཞབས་ཞུ་ཟུང་འབྲེལ་བྱེད་པ་རྒྱུན་འཁྱོངས་བྱེད་དགོས་པ་དང་། མཐོ་རིམ་ཇུས་འགོད་དང་གཞི་རིམ་འཚོལ་ཞིབ་ཟུང་འབྲེལ་བྱེད་པ་རྒྱུན་འཁྱོངས་བྱས་ཏེ། གོ་རིམ་ལྡན་པའི་སྒོ་ནས་མི་གསོ་སྐྱོང་རྣམ་པ་དང་སློབ་སྒྲུབ་རྣམ་པ། དོ་དམ་སྒྲིག་སྲོལ། རྐྱེན་སྲོལ་བཅོས་སྒྱུར་འགན་སྲུང་བྱེད་པ་ལག་བསྟར་བྱས་ནས། རིམ་པ་སོ་སོ་དང་རིགས་སོ་སོའི་སློབ་གསོ་དེ་སློབ་གསོའི་ཆོས་ཉིད་དང་མཐུན་པར་བྱེད་པ་དང་ཤེས་ལྡན་མི་སྣ་སྐྱེད་སྲིང་བྱེད་པའི་ཆོས་ཉིད་དང་མཐུན་པར་བྱེད་དགོས་ལ། མིའི་ཁྱོན་ཡོངས་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་བ་དང་། ཀུན་སྤྱོད་དང་ཤེས་རིག ལུས་རྩལ། མཛེས་རྩལ་བཅས་ཁྱོན་ཡོངས་ནས་འཕེལ་རྒྱས་སུ་འགྲོ་བའི་སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་མཁན་དང་རྒྱུན་འཛིན་མཁན་སྐྱེད་སྲིང་བྱས་ནས། བརྒྱ་ལོ་གཉིས་ཀྱི་འབད་འཐབ་དམིགས་འབེན་མངོན་འགྱུར་བྱེད་པ་དང་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པར་རྨང་གཞི་བརྟན་པོ་འདིང་དགོས་ཟེར།

«བསམ་འཆར»ལས་ཉིས་སྟོང་ཉི་ཤུ་ལོའི་བར་དུ་སློབ་གསོའི་རྨང་གཞི་རང་བཞིན་གྱི་ལམ་ལུགས་མ་ལག་བཙུགས་ཏེ། གསོན་ཤུགས་ལྡན་ཞིང་ཕན་འབྲས་མཐོ་བ་དང་སྒོ་འབྱེད་རང་བཞིན་ལྡན་ལ། ཚན་རིག་དང་མཐུན་པའི་འཕེལ་རྒྱས་ལ་ཕན་པ་ཡོད་པའི་སློབ་གསོའི་སྒྲིག་སྲོལ་རྐྱེན་སྲོལ་ཆགས་པར་བྱེད་དགོས་བའི་རེ་བ་བཏོན།   །
 

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།